《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月12日

ལོ་ཉི་ཤུ་བསྟུད་མར་ལོ་ལེགས་བྱུང་རྗེས།

འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་མུ་མཐུད་བརྟན་པོ་ཡོང་བར་འགན་ལེན་ཇི་ལྟར་བྱེད་དགོས།

ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་གནང་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན།

2024ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་རྒྱུ་ཁ་གསལ་བཟོས་པ།

རྒྱ་མ་དུང་ཕྱུར་ཁྲི་1.3ཡན་གྱི་དམིགས་ཚད་གཏན་འཁེལ་བྱེད་པའི་གཞི་འཛིན་ས་གང་ཡིན།

《རྒྱལ་ཡོངས་སུ་འབྲུ་རིགས་རྒྱ་མ་དུང་ཕྱུར་1000གསར་དུ་འཕར་བའི་ཐོན་སྐྱེད་ནུས་པའི་འཆར་འགོད(2009ལོ་ནས་2020ལོ་བར)》ལག་བསྟར་བྱས་པ་ནས་བཟུང་།

རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་མུ་མཐུད་རྒྱ་མ་དུང་ཕྱུར་ཁྲི་1.1དང་། རྒྱ་མ་དུང་ཕྱུར་ཁྲི་1.2 རྒྱ་མ་དུང་ཕྱུར་ཁྲི་1.3བཅས་སུ་རིམ་བཞིན་འཕར་བ།

2023ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་པ།

ལོ་9བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོ་བྱུང་ནས་འབྲུ་རིགས་ཐོན་སྐྱེད་ལོ་ཉི་ཤུ་བསྟུད་མར་ལོ་ལེགས་བྱུང་བ།

རྒྱ་མ་དུང་ཕྱུར་ཁྲི་1.3ཡན་གྱི་དམིགས་ཚད་འགན་ལེན་ཇི་ལྟར་བྱེད་དགོས།

འཆར་གཞིའི་སྙན་སྒྲོན་ནང་བཏོན་དོན།

རེས་སྐོར་གསར་པའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་སྟོང་མང་དུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

འབྲུ་རིགས་ཐོན་སྐྱེད་ཀྱི་འགག་རྩར་དམིགས་པའི་འཐབ་ཇུས་གནད་འཁེལ་དང་ནན་པོ་རབ་དང་རིམ་པ་བཀོད་སྒྲིག་ཟིན་པ།

རྨོ་ཞིང་ལ་དམ་འཛིན་ཡག་པོ་བྱེད་པ།

འཆར་གཞིའི་སྙན་སྒྲོན་ནང་བཏོན་དོན། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནན་པོ་བྱེད་དགོས།

ས་བོན་ལ་དམ་འཛིན་ཡག་པོ་བྱེད་པ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། སོན་ལས་དར་རྒྱས་དང་ཞིང་ལས་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ནུས་ཤུགས་ཆེ་རུ་གཏོང་དགོས།

“ཧུར་བརྩོན་རང་བཞིན་གཉིས”ཆེ་རུ་གཏོང་བ།

འབྲུ་རིགས་འདེབས་མཁན་ཞིང་པ་དང་ཐོན་སྐྱེད་ཁུལ་གཙོ་བོའི“ཧུར་བརྩོན་རང་བཞིན་གཉིས”ཆེ་རུ་གཏོང་བ་གལ་འགངས་ཤིན་ཏུ་ཆེ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན།

འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

འབྲུ་རིགས་ཐོན་སྐྱེད་ཀྱི་རྫོང་སྟོབས་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།