ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་དང་རྫོང(ཆུས)རིམ་པའི་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་གི་མེ་ཟོན་བདེ་འཇགས་འགན་འཁུར་བ་དང་། ཁྲོམ་གཞུང་དོན་གཅོད་ཁང་། སྤྱི་བདེ་མངགས་གཏོང་ཁང་། ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག གཞི་རིམ་མེ་ཟོན་ས་ཚིགས་དང་སུའོ་སོགས་གཞི་རིམ་གྱི་གྲལ་བཤེར་མི་སྣ་སྒྲིག་འཛུགས་བྱས་ནས་མངོན་མེད་རྐྱེན་ངན་སེལ་བའི“གསོ་སྦྱོང་ཆེན་པོ”དང་། “སྐོང་འདྲི་ཆེ་མོ” “ཆེད་དོན་དྲིལ་བསྒྲགས”བཅས་ཁྱོན་ཐེངས་320ལྷག་ཙམ་བྱས་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་མེ་སྐྱོན་ལས་འཛོལ་མ་ཐོན་སྔོན་འགོག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།
མཉམ་འགུལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་བ།
“སྡེ་ཚན་མཉམ་འགུལ་ཞིབ་བཤེར”དང“སྤྱི་བདེའི་མངགས་གཏོང་ཁང་གིས་དུས་གཅིག་ཏུ་ཞིབ་བཤེར”སོགས་ཀྱི་ཞིབ་བཤེར་བྱེད་ཐབས་མུ་མཐུད་སྤྱད་པ་དང་། འཕྲལ་སྡོམ་མཉམ་འགུལ་སྡེ་ཚན་གྱི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱེད་པ། བཅོས་སྒྲིག་ཆེ་མོའི་རིང་གི“མེ་ཟོན་དང་སྤྱི་བདེ”མཉམ་འབྲེལ་ལས་སྒྲུབ་དང་མཉམ་འགུལ་མཉམ་ལས་བཅས་ཀྱི་དམག་འཐབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“སློབ་ཁྲིད་འཆད་ཁྲིད་དང་ཞིབ་བཤེར་སློབ་རོགས”ཀྱི་བྱ་ཐབས་ཐོག་ནས་གསོ་སྦྱོང་ཐེངས་47བྱས་པ་རེད། གསོ་སྦྱོང་བྱེད་སྐབས་མེ་ཟོན་ལྟ་སྐུལ་ལས་སྒོའི་ལས་སྟེགས་ཀྱི་བརྒྱུད་རིམ་དང་། རྒྱུན་གཏན་གྱི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་གྱི་བརྒྱུད་རིམ། ལས་སྒོའི་ཡིག་ཚགས་བཟོ་བ་དང་དོ་དམ་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་འབྲེལ། རྒྱུན་གཏན་གྱི་མེ་ཟོན་ཞིབ་བཤེར་བྱེད་རིང་ལྷག་པའི་གནད་དོན་ལ་གྲོས་བསྡུར་སྤེལ་རེས་བྱས་ཏེ་མངགས་གཏོང་ཁང་གིས་མེ་ཟོན་ལྟ་སྐུལ་གྱི་ལས་དོན་སྤེལ་རིང་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རུ་སྣེ་ཁྲིད་དེ་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཁུལ་གསུམ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་མེ་ཟོན་བདེ་འཇགས་ཞིབ་བཤེར་ལས་དོན་ཁྲོད་ཀྱི་རྩ་གནད་དང་ཞིབ་ཕྲའི་གནས་ཚུལ་གསེད་བཀྲོལ་དང་མཛུབ་ཁྲིད་བྱས་ཏེ་གཞི་རིམ་གྱི་མེ་ཟོན་ཐད“5+3”གྱི་ཡིན་གཅིག་ཞིབ་བཤེར་གྱི་བླང་བྱ་བཏོན་པ་མ་ཟད། གཞི་རིམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མེ་ཟོན་ལྟ་སྐུལ་ཞིབ་བཤེར་གྱི་གོ་རིམ་དང་ནང་དོན་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ་སྤྱི་བདེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་གྱི་ཆུ་ཚད་དང་འགན་འཁྲི་སྒྲུབ་ནུས་ནུས་ལྡན་ངང་ཆེ་རུ་བཏང་བ་རེད།
གཅིག་སྡུད་སྐོང་འདྲི་བྱས་ནས་ལས་ཀའི་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་བ།
ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་འདོམས། ཚན་པས་ཕྱོགས་ཡོངས་ནས་འགན་འཁུར་བ། སྤྱི་དམངས་ཧུར་ཐག་ཞུགས་པ”བཅས་ཀྱི་རྩ་དོན་ལྟར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ལས་ཀའི་ཉེན་བརྡ་དང་དྲན་སྐུལ་ཡི་གེ་གཏོང་རྒྱུའི་རེ་བ་ཞུས་པ་མ་ཟད། གཞི་རིམ་སྲིད་གཞུང་གི་ལས་རིགས་གཙོ་འགན་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཁུལ་གསུམ་གྱི་མེ་ཟོན་གྱི་བདེ་འཇགས་དོ་དམ་པ་དང་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་སྡུད་སེལ་བའི་སྐོང་འདྲིའི་ཚོགས་འདུ་ཐེངས་200ལྷག་ཙམ་འཚོགས་པ་རེད།
སྐོང་འདྲིའི་ཚོགས་འདུའི་ཐོག་མིག་སྔའི་མེ་སྐྱོན་གྱི་དུས་བབ་ལ་གཅིག་སྡུད་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། 《མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞིར》དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ཚན་པ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁུར་བས་ལས་འཛོལ་གྱི་བསླབ་བྱ་དང་ལེན་བྱས་ཏེ་རང་འགུལ་ངང་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ནུས་ཤུགས་ཡོད་རྒུས་མེ་ཟོན་བདེ་འཇགས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། ཚན་པ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁུར་བ་ངེས་པར་དུ་ལས་གནས་ཐོག་སྡོད་དགོས་པ། སྡོད་བྱ་དང་སྐོར་གཡེང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་བདེ་འཇགས་དོ་དམ་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་པ། ཚན་པའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་མེ་གསོད་དང་བདེ་འཇགས་ཁ་འགྲེམས་གྱི་སྔོན་ཇུས་བཟོ་བ་དང་དུས་བཀག་ལྟར་ལས་བཟོ་ཡོངས་ཀྱི་མེ་ཟོན་ཁ་འགྲེམས་ནང་སྦྱོང་སྒྲིག་འཛུགས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི“ནུས་པ་བཞིའི”འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
གཞི་རིམ་དུ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་མང་ཚོགས་བྱ་སྤྱོད་ནང་ཞུགས་པར་ཁྲིད་སྟོན་བྱས་པ།
ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་ཚན་པས་རྒྱུན་གཏན་གྱི་དྲིལ་བསྒྲགས་གསོ་སྦྱོང་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མེ་ཟོན་དྲ་མིག་པ་དང་མེ་ཟོན་དང་བླངས་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཁྲོམ་གཞུང་གཙོ་བོ་དང་། མི་སྣ་འདུ་འཛོམས་ཆེ་ས། གཙོ་གནད་ཚན་པ་སོགས་སུ་ཐེངས་གྲངས་མང་བ་དང་། རྒྱུན་མཐུད་རང་བཞིན། ཁྱབ་རྒྱ་ཆེ་བ་བཅས་ཀྱི་དྲིལ་བསྒྲགས་ཚོགས་འདུ་དང་གསོ་སྦྱོང་ཚོགས་འདུ་ཁྱོན་78འཚོགས་པ་དང་། 《མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》དུད་ཚང་ཁྲིར་དྲིལ་བསྒྲགས་བྱས་ཏེ་གྲོང་མི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་པ་རེད།
སྤྱོད་གོ་ཆོད་པའི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སོལ་རླངས་ཀུང་སིའི་ཆེད་ལས་ལག་རྩལ་པ་གདན་དྲངས་པ་བརྒྱུད། དྲིལ་བསྒྲགས་གསོ་སྦྱོང་གི་ཚོགས་འདུའི་ཐོག་མང་ཚོགས་ལ་སོལ་རླངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཁར་སོལ་རླངས་ཐབ་ཆས་སྤྱོད་སྟངས་བསླབས་པ་དང་འབྲེལ། སོལ་རླངས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་། ཐབ་ཆས་ལ་བརྟག་དཔྱད། རྒྱུན་སྤྱོད་ཤེས་བྱ། དོ་སྣང་བྱེད་དགོས་པའི་གནད་དོན་བཅས་དང་དེ་བཞིན་སོལ་རླངས་ཤོར་བའི་ལས་འཛོལ་ཐོན་ན་གང་འདྲ་བྱེད་དགོས་མིན་སོགས་ཀྱི་བྱེད་ཐབས་འགྲེལ་བཤད་བརྒྱབ་པ་དང་སྣ་མང་ཅན་གྱི་དྲིལ་བསྒྲགས་གསོ་སྦྱོང་ལ་བརྟེན་ནས་སྡེ་ཁུལ་གྲོང་མིའི་སོལ་རླངས་བདེ་འཇགས་ངང་སྤྱོད་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།