《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月11日

སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་ཤང་གིས།

ཏང་འཛུགས་སྐྱོང་བྱེད་རིང་མཉམ་འདྲེས་ལ་སྣང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཁར། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཏང་འཛུགས་སྐྱོང་གི་ལས་དོན་ནང་བཅུག་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཏན་ཏིག་བསྒྲུབས་པ་དང་ཆབས་ཅིག བསམ་བློའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་གཞི་རྟེན་གསར་དུ་གཏོད་པ། ཏང་འཛུགས་སྐྱོང་གིས་ཆ་སྒྲིག་མཉམ་སྐྲུན་བྱེད་པ་བཅས་ཤུགས་རྒྱག་སར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་བཏོད་ཡོད།

བསམ་བློའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་སྐུལ་སྤེལ་བཏང་ཞིང་། བཀྲ་ཤིས་རབ་བརྟན་ཤང་གིས“ལྟ་བ་ལྔ”དང་། “སྨྲ་བ་གཉིས” “ལོ་རྒྱུས་བཞི” བོད་གསར་རྙིང་བསྡུར་བ་སོགས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་སློབ་སྦྱོང་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ནང་བཅུག་སྟེ། བཀྲ་རབ་དགོན་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བསམ་བློའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ཡོད་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་ཡང་ཧུར་ཐག་བྱས་ཡོད། གཞི་རིམ་བཅོས་སྐྱོང་དང་ཁྲིམས་ལུགས་འཛུགས་སྐྱོང་ཟུང་འབྲེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་རིང“གཤམ་སྐྱོད་དགུ”ཡི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

མི་རིགས་མཐུན་སྒྲིལ་གྱི་གཞི་རྟེན་གསར་གཏོད་བྱས་ནས“ཆུང་བས་ཆེ་བར་ལག་པ་བཏང་བའི”བྱེད་སྒོ་སྤེལ་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ།“ཆུང་བས་ཆེ་བར་ལག་པ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་་སྐད་སློབ་སྦྱོང་བྱེད་པའི”བྱེད་སྒོ་སྤེལ་བའི་ཁར། “གྲོང་ཚོར་ཕྱིར་ལོག་སློབ་མ་+གྲོང་ཚོའི་ལས་བྱེད་པ་+མང་ཚོགས”དང“ངས་ཕ་མར་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་པའི”རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་དེ་ཁྱིམ་ཚང་ཅན་དང་། རྒྱུན་གཏན་ཅན། འཚོ་བ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ཤང་ལས་ཁུངས་ཀྱི་ཏང་ཀྲི་པུས་ཚལ་མི་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མཉམ་དུ་སྦྱངས་ནས་མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་གཏོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ཡོད།

ཆ་སྒྲིག་མཉམ་སྐྲུན་བྱས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་དུང་ཟབ་ཏུ་བཏང་ཞིང་། ཚལ་མི་གྲོང་ཚོའི་ཏང་ཀྲི་པུས་ཧུའུ་ནན་ལི་ཧྲུའེ་ཀུང་སིའི་ཏང་རྩ་འཛུགས་དང་ཆ་སྒྲིག་མཉམ་སྐྲུན་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ཚལ་མི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ནས་ཧུའུ་ནན་ལི་ཧྲུའེ་ཀུང་སིར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་འབྲེལ། ཧུའུ་ནན་ལི་ཧྲུའེ་ཀུང་སིའི་ཏང་ཡོན་ལས་བྱེད་པ་འཚམས་ལན་ཞུ་བར་ཡོང་བར་སྣེ་ལེན་ཡང་ཞུས་པ་དང་། མ་དངུལ་སྒོར་ཁྲི་45བཏང་བ་དག་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་དང་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ལ་སྤྱད་དེ། མང་ཚོགས་ཀྱི་རིག་རྩལ་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་ཕུར་གྱིས་ཞུས)