《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月11日

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས།

ཏང་འཛུགས་སྐྱོང་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས“ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད”ཀྱི་ལས་ཀའི་འདུ་ཤེས་འཛིན་ཏེ། གྲོང་གསེབ་དར་རྒྱས་ཀྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དམིགས་སར་འཁྱོལ་བར་སྐུལ་འདེད་བཏང་ཡོད།

ཞིབ་ཕྲའི་ལས་དོན་ཁྲོད་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ནོར་སྲིད་སྔོན་ལ་འགན་ལེན་དང་། དངུལ་རྩའི་གཙོ་གནད་ལ་འགན་ལེན། ས་ཆ་བེད་སྤྱོད་སྔོན་ལ་འགན་ལེན། སྒྱུར་བཅོས་འདེགས་སྐྱོར་ལ་འགན་ལེན་བཅས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་། ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་མཐའ་འཁྱོངས་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ཕན་འབྲས་ཆེ་རུ་བཏང་ནས“བློ་སྐྱོར་དང་རིག་སྐྱོར”དང་། ཐོན་ལས་འཕེལ་རྒྱས། ལས་གནས་བརྟན་གཏོང་དང་ལས་ཞུགས། གནས་སྤོས་འདེགས་སྐྱོར་སོགས་ཀྱི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་བ། ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”དང་། མིའི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་ཆེ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། ཡུལ་སྲོལ་ཤེས་དཔལ་བཅོས་སྒྲིག་བྱེད་པ་སོགས་ཀྱི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

(བསྟན་བཟང་གིས་བསྒྱུར། བསོད་བདེ་གཞོན་པས་ཞུས)