《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月11日

ལྷ་ས་གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ལས་དོན་གྱི་ཐབས་ལམ་ནུས་ལྡན་མུ་མཐུད་འཚོལ་ཞིབ་བྱས་ནས།

གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་སྒྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་བཏང་བ།

2023ལོ་ནས་བཟུང་། ལྷ་ས་གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་དང་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཐབས་ལམ་ནུས་ལྡན་མུ་མཐུད་འཚོལ་ཞིབ་བྱས་ནས“ཁེབས་པ་གཉིས”ཀྱི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་ཏུ་བཏང་སྟེ་གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་སྒྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱས་ཤིང་། ལྷ་ས་གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་དང་རྩ་བའི་ཆབ་སྲིད་སྒྲིག་ལམ་ལ་སྲུང་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཁར། དཔེ་སྟོན་ཁུལ་འཛུགས་གཏོད་དང་བརྗོད་དོན་གཙོ་བོའི་སློབ་གསོ་སོགས་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་ཐེངས་གྲངས་12སྒྲུབ་གཉེར་བྱས་ཡོད། ཀྲུང་གུང་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལས་རིགས་ཨུ་ལྷན་དང་ཀྲུང་གུང་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཨུ་ལྷན་སོགས་ལས་རིགས་7གྱི་ཏང་ཨུད་ཚན་ཁག་ཁོངས་མི་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་། གྲོང་ཁྱེར་རིམ་པའི་གསར་གཉིས་རྩ་འཛུགས་ཀྱི་ལས་རིགས་ཁག་གི་ཏང་ཨུད་དང་། རྫོང(ཆུས)ཨུད་ཁག་གི་གསར་གཉིས་ལས་དོན་ཨུ་ལྷན། བྱེད་ནུས་ཁུལ་གྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཏང་ཨུད་བཅས་ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བར་སྐུལ་འདེད་བཏང་བ། གཙོ་འགན་ཁུར་ནས་གཙོ་ལས་སྒྲུབ་པ། བཀོད་སྒྲིག་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། མཐུན་སྦྱོར་ཚོགས་འདུ། སྤེལ་རེས་ཚོགས་འདུ་སོགས་འཚོགས་པ། ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་འཆར་འགོད་བྱས་པ། རིམ་པ་བཞིན་ཚན་ཁག་གི་ཁོངས་མི་དང་འགན་ནུས་སྡེ་ཚན་གྱི་འགན་འཁྲི་ནན་དུ་བཏང་བ་བཅས་བརྒྱུད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་པ་རེད།

བློ་སྒྲིལ་སེམས་སྐྱེད་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཞིང་། ལྷ་ས་གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཆེད་དོན་བགྲོ་གླེང་དང་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཁར། མཉམ་འབྲེལ་དྲ་རྒྱ་དང་གྲངས་གཞི་ཆེ་མོ་སོགས་གསར་དར་ལག་རྩལ་བེད་སྤྱོད་ཧུར་ཐག་བྱས་ཏེ“རིག་ལྡན་ཏང་འཛུགས་སྐྱོང”དང“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”ལས་སྟེགས་སུ་བྱས་ནས་དུས་བཀག་ལྟར་སློབ་སྦྱོང་གི་ལས་འགན་ཁྱབ་བསྒྲགས་དང་ཐབས་ལམ་མང་པོར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ཡོད། “ཀྲི་པུའུ་ཧྲུའུ་ཅིའི་ཡོངས་བསྒྲགས་སློབ་ཚན”དང“ཏང་གི་སློབ་ཚན་ཁྲིད་འགོ་ཚུགས་སོང”སོགས་ཀྱི་བྱེད་སྒོ་སྤེལ་ནས“མི་ཚང་མ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་མཁན་དང་སྒྲོག་འགྲེལ་བྱེད་མཁན་ཡིན་པའི”རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཡོད། ཏང་གི་བཀའ་དྲིན་ཚོར་བར་བྱེད་པའི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་བཟོ་སྒྲིག་འཛུགས་བྱས་ཏེ་དྭངས་གསལ་དུས་ཚིགས་སུ་མཆོད་འབུལ་བྱེད་པ་དང་། གསར་བརྗེའི་རྟེན་གཞིར་ལྟ་སྐོར་བྱེད་པ། གསར་བརྗེའི་གློག་བརྙན་ལྟ་བ་བཅས་ཀྱི་བྱེད་སྒོ་སྤེལ་བས་གསར་གཉིས་རྩ་འཛུགས་ཀྱི་ལས་བྱེད་པ་དང་ལས་བཟོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

ནུས་པ་སྦྱིན་པ་དང་ཕན་འབྲས་ཆེ་རུ་བཏང་ནས་གསར་གཉིས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། ལྷ་ས་གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གི་ཉམས་ཞན་ཁྱབ་ཁོངས་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་ལེབ་བཤེར་རྣམ་པའི་མཐིལ་རྟོགས་གྲལ་བཤེར་བྱས་ནས་གསར་གཉིས་རྩ་འཛུགས་ཀྱི་གཞི་རྩའི་གནས་ཚུལ་གྱི“གསལ་ཐོ་དྲུག”གི་རྩིས་ཐོ་འགུལ་རྣམ་ངང་གསར་བརྗེས་བྱས་ཁར། ཏང་རྩ་འཛུགས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་པའི་ནུས་པ་ཤུགས་ཆེར་བཏང་ནས་སྡེ་ལས་ལས་རིགས་དང་མྱུར་སྐྱེལ་ལས་རིགས་ཀྱི་ཏང་རྩ་འཛུགས་བཙུགས་ཏེ་སྡེ་ལས་དང་མྱུར་སྐྱེལ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་ནན་དུ་བཏང་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཉེར་སྐྱོང་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པའི་ཁྲོད་ནས་ཏང་ཡོན་152མང་དུ་བཏང་ཡོད། སྐོར་སྐྱོད་ཏང་ཡོན་2300ལྷག་ཙམ་ལ་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་འབྲེལ་ཆ་འཕྲིན་མཛོད་ཀྱང་བཙུགས་ཏེ་སྐོར་སྐྱོད་ཏང་ཡོན་ཏང་རྩ་འཛུགས་ནང་བཅུག་ནས་དོ་དམ་ནུས་ལྡན་བྱས་ཡོད། ཁེ་ལས་ཀྱི་འགན་འཁུར་བ་དང་ཏང་དོན་སྒྲུབ་མཁན་ལ་གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་ཐེངས་96བྱས་ཡོད། “གཤམ་སྐྱོད་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་རིམ་པ་ཁག་དང་རིགས་ཁག་གི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་དམིགས་ས་ཡོད་པའི་སྒོ་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པ་རེད།

སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལྷ་ས་གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ལས་ཞུགས་ཚོགས་སྤྱི་གསར་པ་གཞི་རིམ་བཅོས་སྐྱོང་ལས་དོན་ནང་ཞུགས་པའི་ལམ་སྲོལ་བཙུགས་ཏེ་གསར་གཉིས་རྩ་འཛུགས་ཀྱི་ཏང་ཡོན་12དྲ་རྒྱའི་ཏང་རྩ་འཛུགས་ཚན་ཁག་ནང་བཅུག་པ་དང་། ཏང་ཡོན་གྱིས“འབྱོར་ཐོ་གཉིས་འགོད”དང་ཏང་འཛུགས་སྐྱོང་གི་མཉམ་འཛུགས་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གསར་གཉིས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་193སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་དང་གསར་གཉིས་རྩ་འཛུགས་ཀྱི་ཏང་ཡོན་1201སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས་དང་བླངས་ཞབས་འདེགས་ཐེངས་571ཞུས་ཡོད། ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀྱིས་བདམས་ནས་བཙུགས་པའི“མྱུར་སྐྱེལ་བ་ཡག་ཤོས”དང“ལྷ་སའི་དངོས་ཟོག་ཡག་ཤོས”སོགས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས“ཏང་ཡོན་གྱི་དཔེ་སྟོན་ལས་གནས”དང“ཏང་ཡོན་གྱི་འགན་འཁྲིའི་ཁུལ”343བཙུགས་ཏེ་གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་རྟགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། ལས་བཟོའི་སློབ་གསོ་དང་ཁེ་དབང་སྲུང་སྐྱོང་གི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ལས་གཉེར་ཁྲིམས་རྩོད་པ(འགན་འཁྲི་གཅིག་ལྕོགས་ཁྲིམས་རྩོད་པ)285ཚང་མ་ཁེ་ལས་འབྲིང་ཆུང་གི་བཅའ་ཁྲིམས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཚོགས་པའི་ནང་བཅུག་ཡོད། གསར་གཉིས་རྩ་འཛུགས་སྨན་བཅོས་རོགས་སྐྱོབ་དང་། སྒྲིག་བཀོད་འཛུགས་སྐྲུན། སློབ་སྐྱོར་ཞལ་འདེབས་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་680ལྷག་ཙམ་ལ་རོགས་སྐྱོར་བྱས་པ་དང་། མ་དངུལ་སྒོར་ཁྲི་360ལྷག་ཙམ་ཞལ་འདེབས་བརྒྱབ་པ་མ་ཟད། མ་དངུལ་སྒོར་ཁྲི་400ལྷག་ཙམ་བཏང་ནས་གཞུང་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)