《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月11日

གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཉི་མ་བུ་ཁྲིད་ཀྱིས་གསུངས་དོན།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒྱུན་སྲིང་ལྷོད་མེད་ངང“ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད། དེ་སྔ་ང་ཚོའི་གྲོང་ཚོར་འགྲིམ་འགྲུལ་སྟབས་བདེ་མེད་པས་འཚོ་བའི་དངོས་ཟོག་དབོར་འདྲེན་བྱེད་དཀའ་བ་དང་། ལྷག་པར་དུ། སྔོ་ཚལ་དང་ཤིང་འབྲས་སོས་པ་དཀོན་པར་བརྟེན་གསོལ་ལྕོག་ཐོག་ཚལ་ཉུང་ཉུང་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྣ་ཚོགས་བཏོན་པས་གྲོང་ཚོ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་གྲོང་མི་ཚོ་སྔར་བས་ཕྱུག་ཏུ་ཕྱིན་ནས་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་ངས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་དད་སེམས་བརྟན་པོ་བཅངས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཕ་ཡུལ་འདི་ཉིད་དེ་བས་ཡག་པ་དང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན།