《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月11日

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐར་མ་ཆེ་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་པད་མ་བདེ་སྐྱིད་ཀྱིས་གསུངས་དོན།

འདས་ཟིན་པའི་ལོ་གཅིག་ནང་རང་རེའི་རྒྱལ་ཁབ་ལ་དགའ་འོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་མི་སེམས་ལ་སྐུལ་མ་ཤུགས་ཆེན་ཐེབས་པ་དང་ལས་ཀ་བྱེད་སེམས་ཀྱང་ཆེ་རུ་ཕྱིན་ཡོད། གཞི་རིམ་གྱི་འགྱུར་ལྡོག་ལས་རྒྱལ་ཁབ་ཀྱི་འཕེལ་རྒྱས་མཚོན་གྱི་ཡོད། སྡེ་ཁུལ་གྱི་ལས་བྱེད་པ་ཞིག་གི་ངོས་ནས་ང་ཚོའི་སྡེ་ཁུལ་གྱི་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བ་དང་། གྲོང་ཁྱེར་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བ། མང་ཚོགས་ཀྱི་སྐྱིད་སྣང་སྔར་བས་ཆེ་རུ་འགྲོ་བ་བཅས་མཐོང་སྐབས་སེམས་གཏིང་ནས་དགའ་པོ་བྱུང་། སླད་ཕྱིན་ངས་མུ་མཐུད་གཞི་རིམ་དུ་གཞི་ཚུགས་པ་དང་། མང་ཚོགས་ཁྲོད་ཞུགས་པ། མང་ཚོགས་ཀྱི་སེམས་གཏམ་ཉན་པ། ཁོང་ཚོའི་དགོས་མཁོ་ཤེས་རྟོགས་བྱེད་པ། རང་དཔེ་གཞན་སྟོན་གྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ནས་དམངས་འཚོའི་ལས་དོན་དེ་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པ་དང་སྡེ་ཁུལ་འདི་ཉིད་མི་སེམས་གཅིག་སྒྲིལ་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན།