↑ ཟླ་3ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི“ཨུ་ཡོན་བགྲོད་ལམ”གྱི་མཉམ་སྡེབ་བཅར་འདྲིའི་བྱེད་སྒོ་ཐེངས་གཉིས་པ་འགོ་ཚུགས་ཤིང་། འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས“ཨུ་ཡོན་བགྲོད་ལམ”ནས་གསར་འགོད་པས་བཏོན་པའི་དྲི་བར་ལོན་སྐྱོན་བཞིན་པ།
↑ རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བུད་མེད་འཐུས་མི་བདུན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་དྲན་རྟེན་པར་བསྐྱོན་ནས་ལྗོངས་ཡོངས་ཀྱི་བུད་མེད་སྤུན་ཟླ་ཚོར“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ།
← ཟླ་3ཚེས་7ཉིན་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བ་དང་འབྲེལ། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་སྔོན་རྩིས་ཀྱི་སྙན་སྒྲོན་དང་འཆར་ཟིན་ལ་མུ་མཐུད་ཞིབ་དཔྱད་གནང་ཞིང་། འདི་ནི་འཐུས་མི་ཉི་སྒྲོན་གྱིས་ཚོགས་འདུར་གྲོས་བསྡུར་གཏམ་བཤད་གནང་བཞིན་པ།