《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月11日

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་སྙན་སྒྲོན་གསན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བརྡས་ཐག་གཅོད་པའི་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་བཅས་ཡིན་པའི་ལིའུ་ཆི་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་ཚུལ་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་སྙན་སེང་གསན་པ་དང་སྙན་སྒྲོན་གསུམ་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་ཁག་སོ་སོར་གྲོས་ཞིབ་གནང་བ་རེད།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་གནང་བའི་འཐུས་མིས་བཏོན་པའི་གྲོས་འཆར་ཐག་གཅོད་བསམ་འཆར་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་གོང་གསལ་གྱི་བཟོ་བཅོས་བསམ་འཆར་གྱི་སྙན་སྒྲོན་དང་དེ་བཞིན་འཆར་ཟིན་གྱི་བརྡས་ཐག་གཅོད་པའི་མ་ཟིན་དང་། གྲོས་ཆོད་འཆར་ཟིན། སྙན་སྒྲོན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་གནང་བར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚོགས་འདུར་ཞུགས་དགོས་པའི་འཐུས་མི་181ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི་177དང་། ཞུགས་མ་ཐུབ་པའི་འཐུས་མི་4ཡོད་པ་དེ་ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

ཟླ་3ཚེས་9ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས་ནས་བཟོ་བཅོས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་བཏོན་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་སྙན་སྒྲོན་གསན་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གོང་གསལ་གྱི་སྙན་སྒྲོན་དང་བཟོ་བཅོས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ལ་གྲོས་འཆམ་བྱུང་ནས་བཟོ་བཅོས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་པར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

ཟླ་3ཚེས་8ཉིན་གྱི་ཕྱི་དྲོ་དང་ཚེས་10ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད། གྲོས་ཞིབ་བྱེད་རིང་། འཐུས་མི་ཚོས་སྙན་སྒྲོན་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་ཁག་གཅིག་བཏོན་གནང་བ་རེད། ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ནན་ཏན་གནང་ནས་སྙན་སྒྲོན་བཟོ་བཅོས་གནང་བ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཚུལ་ལ་གཞིགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་འགོད་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

ཟླ་3ཚེས་9ཉིན་དང་ཚེས་10ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་ཚོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་། སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད། གྲོས་ཞིབ་བྱེད་རིང་འཐུས་མི་ཚོས་ཀྱང་བསམ་འཆར་དང་གྲོས་འགོ་ཁག་གཅིག་བཏོན་གནང་བ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་སྙན་སྒྲོན་ལ་བཟོ་བཅོས་གནང་བ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་བཟོ་བཅོས་བརྒྱབ་ཚུལ་ལ་གཞིགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་གཉིས་ཀྱང་ཚབ་འགོད་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གྲོས་ཆོད་ཀྱི་འཆར་ཟིན་དེ་གཉིས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་གནང་བའི་འཐུས་མིས་བཏོན་པའི་གྲོས་འཆར་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའི་སྙན་སྒྲོན་གསན་ཞིང་། ལིའུ་ཅུན་ཁྲེན་གྱིས། ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་ཁྱོན་གྲོས་འཆར་ཁག་298འབྱོར་བའི་ནང་། འཐུས་མི་ཚོགས་པས་བཏོན་པའི་གྲོས་འཆར་ཁག་26དང་འཐུས་མི་30ཡན་གྱིས་མིང་མཉམ་འགོད་བྱས་ནས་བཏོན་པའི་གྲོས་འཆར་ཁག་272ཡོད་པ་རེད། གྲོས་འཆར་དེ་དག་ནང་ཁྲིམས་འཛུགས་སྐོར་གྱི་གྲོས་འཆར་ཁག་294ཡོད་པའི་ཁྲོད། བཅའ་ཁྲིམས་སྐོར་གྱི་གྲོས་འཆར་ཁག་292དང་། འབྲེལ་ཡོད་གཏན་འབེབས་སྐོར་གྱི་དོན་ཚན་ཁག་2 འབྲེལ་ཡོད་ལྟ་སྐུལ་སྐོར་གྱི་དོན་ཚན་ཁག་4བཅས་ཡོད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། འཐུས་མིས་བཏོན་པའི་གྲོས་འཆར་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའི་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ་རེད།