《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月10日

རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་བུད་མེད་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

ཉེ་དུས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྣ་ཚོགས་མེ་ཏོག་ཆུན་པོ་ལས་བུད་མེད་ཉམས་བཟང་རབ་ཏུ་མངོན”ཞེས་པའི་མེ་ཏོག་སྒྱུ་རྩལ་གྱི་གསོ་སྦྱོང་གི་ཁྱད་ལྡན་སློབ་ཚན་འཚོགས་ཤིང་། འདི་ནི་བུད་མེད་ཀྱིས་མེ་ཏོག་གི་བརྩམས་ཆོས་བཟོ་བཞིན་པ།

“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་མཚམས་སུ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྟེ་བའི་སྨན་ཁང་གིས་སྨན་ཁང་གི་བུད་མེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་འཕྱོངས་རྒྱས་རྫོང་ལྟེ་བའི་སྨན་ཁང་གི་ཡོན་ཀྲང་པ་སངས་ཕན་ཐོགས(གཡས)ཀྱིས་སྨན་ཁང་གི་བུད་མེད་ལས་བཟོར་མེ་ཏོག་སོས་པ་སྤྲོད་བཞིན་པ།

སྡེ་ཁུལ་བུད་མེད་སྤུན་ཟླའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་སྡེ་ཁུལ་བུད་མེད་ཀྱི་ཉམས་འགྱུར་མངོན་ཆེད། ཟླ་3ཚེས་8ཉིན་ལྷ་ས་གྲོང་ཁྱེར་ཚེ་སྨོན་གླིང་སྡེ་ཁུལ་དང་ལྕགས་པོ་རི་སྡེ་ཁུལ་གྱིས“བུད་མེད་སེམས་པ་ཏང་ལ་ཕྱོགས། རྒྱང་ལམ་གསར་པར་འབད་པས་བསྐྱོད‘གསུམ་བརྒྱད’རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན”གྱི་བྱེད་སྒོ་མཉམ་དུ་སྤེལ་བ་དང་ཁོངས་གཏོགས་ཁུལ་གྱི་བུད་མེད་རྣམས་མཉམ་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཁོངས་གཏོགས་ཁུལ་གྱི་བུད་མེད་ཚོས་མཉམ་དུ་སྒོ་ངའི་བག་ལེབ་གཏུབ་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ།

རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་

སྒོ་སྤེལ་ནས་རྒྱ་ཆེའི་བུད་མེད་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་3ཚེས་7ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“མཛེས་སྡུག་ལྡན་པའི་བོད་ལ་སྨོན་འདུན་ཞུ། བདེ་སྐྱིད་ལྡན་པའི་རྒྱང་ལམ་ཐོག་ཏུ་བསྐྱོད”ཅེས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཀྱི་འཐུས་མིས་མཉམ་དུ“ང་ཚོའི་དུས་ཆེན”ཞེས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཀྱི་འཐུས་མིས་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་རིག་རྫས་འགྲེམས་སྟོན་ཐིང་ལ་ལྟ་སྐོར་བྱས་ནས་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཐད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་དེང་རབས་བུད་མེད་ཀྱིས་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཤེས་རྟོགས་ཐུབ་ཡོད།