ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་མི་དམངས་སྲིད་གཞུང་གིས་མེ་ཏོག་ཡན་ལག་རུ་ཁག་ཏུ་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ནགས་ཚལ་གྱི་མེ་ཟོན་གྱི་སྐུལ་སྤེལ་ཚོགས་འདུ་དང་ནགས་ཚལ་གྱི་མེ་ཟོན་མེ་གསོད་ཀྱི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་ནས་མང་ཚོགས་ལ་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། བདེ་འཇགས་ངང་མེ་སྤྱོད་པ། བདེ་འཇགས་ངང་མེ་གསོད་པ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།
འདི་ནི་མེ་ཟོན་པས་མང་ཚོགས་ལ་མེ་ཟོན་སྒྲིག་ཆས་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།