《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月09日

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་ཀྱི་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ལི་ཡ་ལིན་གྱིས་འབྲེལ་ཡོད་གནས་ཚུལ་སྐོར་ལ་གསར་འགྱུར་ཡོངས་བསྒྲགས་བྱས་པ་རེད།

མགྲིན་ཚབ་པས་ངོ་སྤྲོད་གནང་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པའི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་23ཡོད། འཐུས་མི་ཚོགས་པས་ཟླ་3ཚེས་3ཉིན་འབྱོར་ཐོ་བཀོད་པ་ནས་ད་བར། འཐུས་མི་ཡོངས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་དང་ཉིན་རེའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་འགན་འཁྲི་ནན་ཏན་སྒྲུབ་པ་དང་། གཏམ་བཤད་དང་གྲོས་བསྡུར་ཧུར་ཐག་བྱེད་པ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཚོགས་ཆེན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་གྱི་རེ་འདུན་བརྒྱུད་སྤྲོད་བཅས་བྱས་ནས། ཚོགས་ཆེན་ཐུག་གྲ་ལེགས་སྒྲིག་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།

མགྲིན་ཚབ་པས་གསུངས་དོན། ཉིན་ཤས་བསྟུད་མར། བོད་ཀྱི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན། སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་བཅས་ལ་དམིགས་ནས་གྲོས་ཞིབ་དང་ཞིབ་བཤེར་ནན་ཏན་གནང་ཡོད། འཐུས་མི་ཚང་མས་2023ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་ཕུལ་བྱུང་གི་ཆབ་སྲིད་ཀྱི་ངེས་ཤུགས་ལ་བརྟེན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་ཐུབ་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད།

མགྲིན་ཚབ་པས་གསུངས་དོན། ཐེངས་འདིའི་ཚོགས་ཆེན་ཡག་པོ་འཚོག་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་པོའི་གནས་བབ་མངོན་གསལ་དོད་པོ་ཡོང་བ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཏན་ཏིག་བཏོན་ནས། བོད་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གཅིག་སྡུད་ཐོག་ལྟ་ཞིབ་དང་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་བ་དང་། ལྷག་པར་དུ་སྐྲུན་བཞིན་པའི་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་ལས་གྲྭ་ཁག་གཅིག་ལ་དམིགས་ནས་ས་ཡུལ་དངོས་སུ་ལྟ་ཞིབ་གནང་བ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། རེ་སྒུག རེ་འདོད་གསལ་རྟོགས་དང་མཐིལ་རྟོགས་གནང་བ་བཅས་ཚོགས་ཆེན་ལ་ཕུལ་བའི་གྲོས་གཞི་དང་གྲོས་འགོའི་ནང་ནས་གང་ལེགས་མངོན་གྱི་ཡོད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)