འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་3ཚེས་6ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་གནང་ཞིང་། ཀརྨ་ཚེ་བརྟན་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་ནང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ནས་གཏམ་བཤད་ལྷུག་པོར་གནང་བ་རེད།
ཨུ་ཡོན་ཚོས། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འགོ་མཇུག་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཡོད་པ་མ་ཟད། ད་དུང་འདས་པའི་ལོ་གཅིག་ནང་གི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་བདེན་པ་བདེན་ཐུབ་དང་། གནད་དོན་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་བ། དམིགས་ཚད་དང་བསམ་ཕྱོགས་གཏན་འཁེལ་བྱས་པ་ཁ་གསལ་བ། གྲོས་འགོ་དང་བྱེད་ཐབས་བཏོན་པ་ནུས་ལྡན་བཅས་ཡིན་པས། བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། སྙན་སྒྲོན་འདི་ནི་རང་རྒྱལ་གྱི་རྒྱལ་བབ་དང་དུས་རབས་ཀྱི་ཁྱད་ཆོས་དང་། དེ་བཞིན་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་རེ་འདོད་བཅས་དང་མཐུན་ཞིང་དར་ཆ་མཐོན་པོར་སྒྲེང་བ་དང་། དམ་པ་དོན་གཉེར། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ཨུ་ཡོན་ཚོས། འདས་པའི་ལོ་གཅིག་ནང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། “2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་པས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཞི་མཐུན་དང་།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ལེགས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་བརྟན་པོར་འཕར་བ། ཁྱད་ལྡན་ཐོན་ལས་སྤུས་ཚད་ཕན་འབྲས་ལེགས་པ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་སྔར་བས་མཐུན་སྦྱོར། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་པ། དམངས་འཚོའི་བདེ་རྩ་འགན་ལེན་ནུས་ལྡན། སྐྱེ་ཁམས་རྨང་གཞི་བརྟན་པ། མཐའ་དར་དམངས་ཕྱུག་ལ་ཕན་འབྲས་ཆེན་པོ་ཐོན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པའི་ངོས་འཛིན་གནང་བ་རེད།
གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། ཏང་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པས་བྱུང་བ་ཞིག་རེད། འདིའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་བྱ་གཞག་རླབས་པོ་ཆེར་ཚད་མཐོའི་དོ་ཁུར་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་པས་ང་ཚོར་བྱམས་བརྩེ་དང་དྲོ་སྐྱིད་ཚོར་བ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ཞེས་གསུངས་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)