འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོཊ་བསྡུས་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་3ཚེས་5ཉིན་ནི་རྒྱལ་ཡོངས་ཀྱི“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ”ཨང་61པ་རེད། ཉེ་ཆར། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལེ་ཧྥུང་གི་གཏམ་རྒྱུད་བསྐྱར་དྲན་དང་ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་རེད།
དུས་རབས་གསར་པར་ལེ་ཧྥུང་གི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས་ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་ཆེད། ཟླ་3ཚེས་5ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་G6ཅིང་བོད་མྱུར་བགྲོད་གཞུང་ལམ་འདམ་གཞུང་རྫོང་ཞབས་ཞུ་ཁུལ་དུ“ལེ་ཧྥུང་གི་སྙིང་སྟོབས་མི་ཚང་མར་བརྒྱུད་སྤྲོད་དང་འགྲིམ་འགྲུལ་བདེ་འཇགས་མི་ཚང་མས་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི“ཤེས་དཔལ་འགྲིམ་འགྲུལ”གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་འབྲེལ། གྱོད་དཔེའི་བརྙན་ལམ་བསྟན་པ་བརྒྱུད་རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་བཞུད་མི་སྣར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པར་ཕན་འབྲས་ཡག་པོ་ཐོན་པ་རེད།
ལེ་ཧྥུང་ཟླ་བར་གཅེས་སེམས་བཅངས། ཟླ་བ་གསུམ་པར་བརྩེ་བས་ཁེངས། ཟླ་3ཚེས་4ཉིན། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ལས་ཁུངས་ཏང་ཀྲི་པུས་ལས་ཁུངས་སུ་ཡོད་པའི་ཏང་ཡོན་དང་། གཞོན་ནུ་དང་བླངས་པ། བུད་མེད་དང་བླངས་པ་བཅས་སྒྲིག་འཛུགས་བྱས་ཏེ་པིང་ཏུན་བུ་བཅོལ་ཁང་དུ“སློབ་གྲྭར་ཞབས་འདེགས་ཞུ། རིག་གནས་མཉམ་དུ་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་སློབ་གྲྭའི་ཉལ་ཁང་དང་། ཟ་ཁང་། རོལ་རྩེད་ཁུལ་སོགས་ཉེ་འཁོར་གྱི་ཁོར་ཡུག་ལ་གྲལ་བཤེར་ཞིབ་ཕྲ་བྱས་པ་དང་། ཁྱིམ་བདག་ལ་ལུས་སྦྱོང་ཡོ་བྱད་དབོར་རོགས་དང་། ཉལ་ཆས་འདིང་རོགས། གཙང་སྦྲ་བྱེད་རོགས་སོགས་བྱས་པ་མ་ཟད། ད་དུང་ཕྲུ་གུ་ཚོར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་ཡང་བཏང་བ་རེད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)