འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་3ཚེས་5ཉིན། དུས་ཡུན་ཉིན་40ཡིན་པའི་2024ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ལྗོངས་ཡོངས་ཀྱིས་དུས་གཏན་གནམ་གྲུ་ཐེངས་གྲངས་7003འཕུར་བབས་དང་། འགྲུལ་པ་མི་ཐེངས་ཁྲི་76.7 དངོས་ཟོག་ཏུན་3682.2བཅས་སྐྱེལ་འདྲེན་འགན་ལེན་བྱས་པ་དེ་2023ལོའི་དུས་མཚུངས་ལས་47%དང་། 65% 6.8%བཅས་སོ་སོར་འཕར་བ་དང་། 2019ལོའི་དུས་མཚུངས་ལས་39%དང་། 40% 63%བཅས་སོ་སོར་འཕར་ནས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)