《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月07日

ནུས་རྒྱུ་གཙང་མའི་ཕྱོགས་སུ་མདུན་སྐྱོད་བྱེད།

ནག་ཆུ་གྲོང་ཁྱེར་དུ་འོད་ནུས་དང་། ཆུ་ནུས། རླུང་ནུས། ས་འོག་ཚ་ནུས་སོགས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། དཔལ་འབྱོར་གྱི་ཕན་འབྲས་དང་། སྐྱེ་ཁམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཐོན་ཡོད། འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་ར་བ་ཤང་རྭ་རྭ་གྲོང་ཚོའི་50WMཡི་འོད་ཤུགས་ནུས་གསོག་གི་འཛུགས་སྐྲུན་རྣམ་གྲངས་ཡིན་པ།