《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月06日

རྒྱ་ཚ་རྫོང་གིས།

ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་རྒྱུན་མཐུད་འགྲོ་བར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྒྱ་ཚ་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཚུན་དུ་རྒྱ་ཚ་རྫོང་གིས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི“ཉིན་བརྒྱའི་འགག་སྒྲོལ”གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7དང་སྲིད་འཛིན་གྲོང་ཚོ་74ཡི་སྡོད་མལ་ཁོར་ཡུག་གི་རྣམ་པ་ལེགས་སུ་རྒྱུན་མཐུད་འགྲོ་བར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཚ་རྫོང་གིས་ལས་ཀའི་ཆེད་དོན་འཛིན་གྲྭ་དང་འགག་སྒྲོལ་འཕྲལ་རྒོལ་རུ་ཁག་བཙུགས་ཏེ། རྫོང་རིམ་པའི་ལས་བྱེད་པས་རྣམ་གྲངས་འགན་གཙང་ལེན་པ་དང་དེར་སྐུལ་འདེད་གཏོང་བའི་ལམ་ལུགས་ལག་ལེན་བསྟར་བ་དང་། ཕྱོགས་མང་པོའི་ཐད་ཀྱི་མ་དངུལ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཐད་སྤྱོད་པར་སྤྱི་འདོམས་བྱས་ཏེ“གྲོང་ཚོ་དང་དུད་ཚང་གཅིག་ཀྱང་མ་ལུས་པ”བྱས་པ་རེད།

གཞན་ཡང་། གཞུང་ལམ་རྒྱུད་དུ་གང་སར་ལྕི་བ་མཐོང་རྒྱུ་ཡོད་པའི་གནད་དོན་ལ་དམིགས་ཏེ། རྒྱ་ཚ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས། ལྕི་བ་གཙང་སེལ་ལས་དོན་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་དུས་བཀག་ལྟར་གཙང་སེལ་དང་། ཆེད་མིས་གཙང་སྦྲ་བྱེད་པ། སྒོ་འགྲམ་འགན་གཙང་ལེན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱས་པ་རེད། དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་། གང་བྱུང་དུ་སྒེར་ཁང་རྒྱག་པ། མི་ཕྱུགས་ལོགས་དབྱེ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་རིམ་ཁག་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡོད་ཁང་སྐྱོ་ཁུལ་བཅོས་སྒྲིག་བྱས་པ་དང། གང་བྱུང་དུ་བརྒྱབ་པའི་སྒེར་ཁང་བཤིག་པ། འགྱིག་ཤོག་དང་ཁུག་ཀྱོག་གི་གད་སྙིགས་གཙང་སེལ་བྱས་པ། བཙོག་ཆུ་ཁག་198གཙང་གསིང་བྱས་ཡོད། མིག་སྔར་རྫོང་དེ་ཡོངས་སུ་དུད་ཚང་4468ཀྱི་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་དུད་ཚང་606གི་མི་ཕྱུགས་ལོགས་དབྱེ་བྱས་པ་རེད།

མིག་སྔའི་བར། རྒྱ་ཚ་རྫོང་གིས་བཅོས་སྒྲིག་བྱ་སྤྱོད་དང་འགག་སྒྲོལ་བྱ་སྤྱོད་སྣ་ཚོགས་སྤེལ་ཏེ་རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཐེངས་200ལྷག་ཙམ་བྱས་པ་དང་། རིམ་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་5ལྷག་ཙམ་ངལ་རྩོལ་ནང་ཞུགས་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)