《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月06日

ཟངས་རི་རྫོང་གིས།

རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་ སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ལྷོ་ཁ་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཟངས་རི་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་མཉམ་དུ་ཟངས་རི་གྲོང་རྡལ་ནུབ་མཁར་སྡེ་ཁུལ་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་རྩལ་ཁྱིམ་ཚང་མང་པོར་སྐྱེལ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས“ནས་ཀྱི་སློབ་ཁང་ཆུང་ངུ”ཞེས་པ་དང་ཟུང་འབྲེལ་གྱིས་ཁ་བསླུས་འགོག་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཉེ་འགྲམ་གྱི་བྱ་བ་དང་ཉེ་འགྲམ་གྱི་མིར་ཁ་བསླུས་སྐོར་བཤད་དེ་རྒྱ་ཆེའི་མང་ཚོགས་ཚོས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་ལ་འགོག་ཟོན་བྱས་ཏེ། རང་ཉིད་ཀྱི་རྒྱུ་ནོར་ཡག་པོ་སྲུང་དགོས་ཚུལ་བརྗོད་ཡོད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་རིག་རྩལ་ལས་དོན་པས་ས་གནས་ས་ཐོག་ཏུ་མང་ཚོགས་ལ“ཞབས་ཞུས་མི་སེམས་དྲོ་བར་བྱེད། རིག་གནས་ཁྱིམ་ཚང་མང་པོར་སྐྱེལ་བའི”རིག་གནས་དམངས་ཕན་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།