《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月06日

ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2023ལོའི་ལས་ཁུངས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2023ལོའི་ལོ་འཁོར་གྱི་ལས་ཁུངས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་གྱིས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། ལྷག་བསམ་རྣམ་དག་ཡོང་བའི་ཐད་མཐོ་ཚད་གསར་པ་མངོན་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་གསར་པ་ཕུལ་བ། དམངས་ཆེད་ཁྲིམས་འཛིན་ཐད་བྱ་ཐབས་གསར་པ་བཏོན་པ། དཔུང་ཁག་འཛུགས་སྐྱོང་ཐད་ཉམས་འགྱུར་གསར་པ་མངོན་པ། འཐུས་མི་དང་ཨུ་ཡོན་ཚོའི་ལྟ་སྐུལ་འབྲེལ་གཏུག་ལས་དོན་ཐད་ཚད་བརྒལ་གསར་པ་བྱུང་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2024ལོར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞིར”དམིགས་པ་དང་། ཆབ་སྲིད་འཛུགས་སྐྱོང་ཐད་མིག་དཔེ་སྟོན་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པའི་ཐད་མིག་དཔེ་སྟོན་ཏེ་སྤྱི་ཡོངས་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས། ཁྲིམས་སྒྱུར་གྱོད་སྒྲུབ་ཐད་མིག་དཔེ་སྟོན་ཏེ་འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་ཡག་ཏུ་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་དགོས། དམངས་འཚོ་འགན་ལེན་ཐད་མིག་དཔེ་སྟོན་ཏེ་དམངས་ཆེད་ཁྲིམས་འཛིན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཐད་མིག་དཔེ་སྟོན་ཏེ་ལྟ་སྐུལ་འབྲེལ་གཏུག་ལས་དོན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། རང་ངོས་གསར་བརྗེའི་ཐད་མིག་དཔེ་སྟོན་ཏེ་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། ཁྲིམས་འཛིན་འདྲི་གཅོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་དགོས།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)