ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཤིང་། དཔྱིད་རླུང་དལ་བུར་ལྡང་བ་དང་བསྟུན་ནས་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གདེང་ཚོད་ཀྱིས་ཁེངས་བཞིན་དུ་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ཏེ་བློ་གྲོས་གཅིག་འདུས་དང་རྒྱལ་ཇུས་མཉམ་གྲོས་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་དང་ལྷན་དུ་དཔྱིད་ཀྱི་འདུ་ཚོགས་གཟབ་རྒྱས་ལ་ཞུགས།
“སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ”དང“རང་འགན་གཙང་སྒྲུབ་ཀྱིས་སྲིད་དོན་ཇུས་འབུལ་བྱེད་པ”སོགས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས། འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བས། འགན་སྒྲུབ་ཀྱི་ཧུར་སེམས་ལ་བརྟེན་ནས་སྲིད་ཞུགས་སྲིད་གླེང་བྱས་ཏེ། རྣམ་པ་གསར་རྐྱང་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་སྒུག་ལ་ལན་སློག་པ་དང་། སྤུས་ཚད་མཐོ་བའི་ཇུས་འབུལ་གྱི་གྲུབ་འབྲས་ལ་བརྟེན་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱས་རྗེས་གསར་པ་འཇོག་པ་དང་སྟོབས་ཤུགས་གསར་པ་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས།
བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གདེང་ཚོད་ཀྱིས་ཁེངས་བཞིན་ཚང་མས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་རང་འགན་གཙང་སྒྲུབ་ཀྱིས་ཐབས་བཟང་ཇུས་བཟང་བཏོན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས།