《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月05日

རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།

↑འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཞུགས་གནས་སུ་ཕེབས་པའི་ལམ་བར་དུ་གནམ་བདེ་སྒོ་མོ་ཆེ་བརྒྱུད་པའི་གནས་ཚུལ་ཡིན་པ།

↑འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་ཉི་མས་འགན་སྒྲུབ་ལས་ཀའི་ཟིན་ཐོ་འགོད་བཞིན་པ།

↑འདི་ནི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བའི་གནས་ཚུལ་ཡིན་པ།

ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གནམ་གྲུར་བཞུགས་ནས་རྒྱལ་ས་པེ་ཅིང་དུ་འབྱོར་བ་དང་། “ཚོགས་འདུ་གཉིས་ཀྱི་དུས་ཚོད”དངོས་སུ་འགོ་ཚུགས་པ་རེད།