འབྲུ་རིགས་ཐོན་སྐྱེད་ལ་ལོ་ལྟར་དམ་འཛིན་བྱེད་དགོས། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱས་ཏེ་འབྲུ་རིགས་ཐོན་འཕར་གྱི་གཙོ་གནད་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མང་དུ་གཏོང་བའི་ཐད་བཞག་ནས་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། དཔྱིད་ཀའི་འབྲུ་རིགས་འདེབས་ཁྱོན་གྱིས་ལོ་ཧྲིལ་པོའི་ཕྱེད་ཀ་ཡན་དང་ཐོན་འབབ་ལོ་ཧྲིལ་པོའི་བཅུ་ཆ་དྲུག་ཙམ་ཟིན་རྒྱུ། དཔྱིད་རྨོད་ཀྱི་འགོ་ཡག་པོ་འཛུགས་པའི་འགན་ལེན་བྱས་ནས་ལོ་ཧྲིལ་པོར་འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་པ་བཅས་བཏོན་ཡོད།
ཟླ་2ཚེས་26ཉིན་བར། ཧྥུའུ་ཅན་དང་། ཀོང་ཏུང་། ཀོང་ཤིས། ཧའེ་ནན་བཅས་ཀྱི་སྔ་སྨིན་ཆུ་འབྲས་ཀྱི་ལྗང་པ་འདེབས་ཚད་16.2%ལེགས་གྲུབ་ཐུབ་པ་དང་། རྒྱལ་ཡོངས་སུ་སྔ་སྨིན་ཆུ་འབྲས་ཀྱི་ལྗང་པ་འདེབས་ཚད་6.5%ལེགས་གྲུབ་ཐུབ་ནས་ལས་ཀའི་འཕེལ་རིམ་ནམ་རྒྱུན་དང་མཚུངས་ཀྱི་ཡོད།
དཔྱིད་དུས་ཞིང་ཁར་གཡོག་བྱེད་ཧུར་ཐག་བྱེད་པ།
ཞིང་འཕྲུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ།
① འདི་ནི་ཟླ་2ཚེས་18ཉིན་ཧྲན་ཤིས་ཞིང་ཆེན་ཅིན་ཁྲེང་གྲོང་ཁྱེར་དབྱང་ཁྲེང་རྫོང་གི་ཞིང་པ་ཞིག་གིས་ཞིང་འཕྲུལ་ཉོ་བཞིན་པ།
② འདི་ནི་ཟླ་2ཚེས་19ཉིན་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ནན་ཀྲང་རྫོང་ཝུའུ་ཨན་གྲོང་རྡལ་དུ་ཞིང་འཕྲུལ་གཏོང་མཁན་གྱིས་ཞིང་འཕྲུལ་གཏོང་སྟངས་སྦྱོང་བཞིན་པ།
③ འདི་ནི་ཟླ་2ཚེས་23ཉིན་ཀྲེ་ཅང་ཞིང་ཆེན་ཡུང་ཁང་གྲོང་ཁྱེར་གྱི་ཞིང་ལས་སྒྲིག་ཆས་ཐོན་སྐྱེད་ཀུང་སི་ཞིག་ཏུ་བཟོ་པས་རང་འགུལ་གྱི་མྱུར་ཚད་མཐོ་བའི་སོན་འདེབས་འཕྲུལ་འཁོར་ལ་ཚོད་ལྟ་སྙོམས་སྒྲིག་བྱེད་བཞིན་པ།
ཞིང་ལས་རྒྱུ་ཆ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ།
① འདི་ནི་ཟླ་2ཚེས་25ཉིན་ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་གྱི་ཞིང་ལས་རྒྱུ་ཆ་ཞབས་ཞུའི་ས་ཚིགས་ཤིག་ཏུ་ཞིང་པ་ཞིག་གིས་ཐོན་རྫས་ཉོ་བཞིན་པ།
② འདི་ནི་ཟླ་2ཚེས་21ཉིན་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱི་ཞིང་ལས་རྒྱུ་ཆ་ཁེ་ལས་ཤིག་གི་བཟོ་པས་དུས་ཚོད་དམ་འཛིན་གྱིས་ཐོན་སྐྱེད་བྱེད་བཞིན་པ།
③ འདི་ནི་ཟླ་2ཚེས་23ཉིན་ཀྲུང་གོ་ལྕགས་ལམ་ནན་ཁྲང་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཀན་ཀྲོའུ་མེ་འཁོར་ལས་ཚུགས་རྒྱལ་སྤྱིའི་གྲུ་ཁའི་ས་ཚིགས་སུ་ལས་དོན་པས་རྫས་ལུད་དབོར་བཞིན་པ།