ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དབྱི་ནན་རྫོང་གིས་འབྲོག་ལས་ཐོན་ལས་གཅིག་སྡུད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། གཟན་རྩྭ་འདེབས་འཛུགས་བྱེད་སྟངས་ལེགས་སུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་དང་སྤྱོད་སྟངས་ཕུན་སུམ་ཚོགས་སུ་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ནི་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དབྱི་ནན་རྫོང་ཕུའུ་ཝང་གྲོང་རྡལ་གྱི་ཁེ་ལས་འབྲོག་ར་ཞིག་ཏུ་ལས་དོན་པས་འོ་མ་འཇོ་བའི་འཕྲུལ་འཁོར་འགྲམ་དུ་ལས་ཀ་བྱེད་བཞིན་པ།