ཟླ་2ཚེས་26ཉིན། ཀན་སུའུ་ཅི་ཧྲི་ཧྲན་ས་ཡོམ་གེགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཚང་མ་དུས་བཀག་ལྟར་སློབ་འགོ་ཚུགས་ཤིང་། 2023ལོའི་ཟླ་12ཚེས་18ཉིན། ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་ནས་རྫོང་ཡོངས་ཀྱི་སློབ་གྲྭར་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། ཅི་ཧྲི་ཧྲན་རྫོང་སློབ་གསོ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་གཉིས་ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སློབ་གྲྭ་185ཡི་ནང་ངོས་ཀྱི་ཉམས་གསོ་བརྟན་གཏོང་ལས་གྲྭ་ཚང་མ་མིག་སྔར་ལས་མཇུག་འགྲིལ་བ་དང་འབྲེལ་སྤྱོད་འགོ་ཡང་ཚུགས་ཡོད། འདི་ནི་ཅི་ཧྲི་ཧྲན་རྫོང་ཅི་ཧྲི་སློབ་འབྲིང་གི་མཐོ་འབྲིང་སློབ་མ་ཚོས་རང་སྦྱོང་བྱེད་བཞིན་པ།