《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月02日

《ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》ཟླ་2ཚེས་29ཉིན་ནས་བཟུང་ལག་ལེན་བསྟར་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་2ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན། 《ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་རེད།

《སྲོལ་ཡིག》དེའི་ནང་དོན་ཆ་ཚང་ལ་ཁྱོན་དོན་ཚན་22ཡོད་པ་དེ་དག་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་རྩ་དོན་དང་། ཁྱབ་ཁོངས། དམིགས་ཡུལ་ལམ་དོན་སྙིང་། ཞིབ་ཕྲའི་བྱེད་ཐབས། དྲིལ་བསྒྲགས་སློབ་གསོ་གཏོང་སྟངས། བྱ་དགའ་ཆད་གཅོད་བྱ་ཐབས། ཁེ་དབང་དང་འོས་འགན་སོགས་ཕྱོགས་མང་པོའི་ནང་དོན་དང་འབྲེལ་བ་ཡོད་པ་རེད།

“《སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དེས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད” འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སྐལ་བཟང་རྡོ་རྗེས“གོམ་སྟབས་རྗེས་མར་ང་ཚོས《སྲོལ་ཡིག》གི་ནང་དོན་དུས་ཐོག་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པར་བྱས་ཏེ་གྲོང་ཚོར་མི་ཚང་མས་སེམས་ཁུར་དང་། མི་ཚང་མས་རྒྱབ་སྐྱོར། མི་ཚང་མ་ཞུགས་པ་བཅས་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས་ནས་དུས་རབས་གསར་པ་དང་། གྲོང་གསེབ་གསར་པ། རྣམ་པ་གསར་པ་བཅས་མངོན་པར་བྱེད་ཀྱི་ཡིན”ཞེས་བཤད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་དཔའ་མོས་ཞུས)