《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月02日

འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2ལྷག་ཟིན་པ།

ཉིན་ཤས་གོང་། གསར་འགོད་པས་འགག་གསུམ་ཚོགས་པ་ནས་ཤེས་རྟོགས་བྱས་པར། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ་སྟེ། འགག་གསུམ་ཚོགས་པ་བོད་ལྗོངས་མཚོ་སྨད་གྲི་གུ་རླུང་གློག་ར་བ་ནས་རིམ་རྩིས་བྱས་ན། གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2ལྷག་ཟིན་ཏེ་ཉེ་འཁོར་དུད་ཚང་ཁྲི་14ཡི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་བསྐངས་པ་དེས་ཚད་ལྡན་རྡོ་སོལ་ཏུན་ཁྲི་6གྲོན་ཆུང་ཐུབ་པ་མ་ཟད། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་16འབུད་ཚད་ཉུང་དུ་བཏང་ཡོད་ཅིང་། འདི་ནི་གྲི་གུའི་རླུང་གློག་ར་བ་ཡིན་པ།