《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月01日

ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྒྱང་ཐང་གྲོང་ཚོས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆུ་གསུམ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྒྱང་ཐང་གྲོང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ཕྱོགས་ཡོངས་ནས་བཀོད་སྒྲིག་དང་། བྱ་ཐབས་སྣ་མང་མཉམ་སྤྱོད། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་སྤེལ་བ་བཅས་བྱས་ཏེ། གཙང་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་ནས། ཕན་ཚུན་ལག་གདང་སྦྲེལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་ཆེད། རྒྱང་ཐང་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱང་ཐང་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་ཇུས་གཞི་བཟོས་ནས། དུས་བཀག་ལྟར་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཚོགས་འདུ་འཚོགས་པ་དང་། ཆད་སྐྱོན་དང་ཞན་ཆར་དབྱེ་ཞིབ་བྱས་པ་དང་འབྲེལ། ལག་ལེན་བསྟར་ཐུབ་པའི་དག་ཐེར་བྱ་ཐབས་བཟོས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

དེ་དང་དུས་མཚུངས། རྒྱང་ཐང་གྲོང་ཚོས་ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པ་ཏང་ཡོན་དང་།“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། གྲོང་ཚོའི་མ་ལམ་དང་། ཆུ་ལམ་དང་ཆུ་ཡུར། ཁང་པའི་རྒྱབ་མདུན་སོགས་ས་ཁོངས་ཀྱི་གད་སྙིགས་དང་། ཐོན་སྐྱེད་དང་འཚོ་བའི་གད་སྙིགས། སྒོ་རའི་ནང་གང་བྱུང་དུ་བཞག་པའི་དངོས་པོ་སོགས་བཅོས་སྒྲིག་གཙོ་གནད་དུ་བྱས་ནས་ཞིབ་ཕྲ་ནས་འགོ་བཙུགས་པ་དང་གཟའ་འཁོར་རེར་གཙང་སྦྲ་ཐེངས་རེ་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ཕྱོཌ་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་པ་རེད།