འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། བྱེད་སྒོས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་དང་ཟུང་འབྲེལ་བྱས་ཏེ། རིག་རྩལ་རིག་གནས་རིཌ་དང་། སྐད་ཡིག་རིགས། ཐོན་སྐྱེད་རྩལ་ནུས་རིགས། ལག་ལེན་རིགས། རྟ་རྒྱུག་རྩལ་འགྲན་རིགས་བཅས་རྣམ་གྲངས་ཆེ་གྲས་5དང་ཞིབ་ཕྲའི་འགྲན་བསྡུར་རྣམ་གྲངས་29ལེགས་འདེམས་གཏན་འཁེལ་བྱས་པ་རེད།
“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པར་བོད་བྱང་ཐང་གི་ཁྱད་ལྡན་རྟ་རྒྱུག་རིག་གནས་དང་མཉམ་འདྲེས་བྱས་ཏེ་རྟ་རྒྱུག་རྩལ་འགྲན་གྱི་འབྲེལ་ཡོད་འགྲན་བསྡུར་གྱི་རྣམ་གྲངས་ཁ་སྣོན་བྱས་པ་མ་ཟད། རྫོང(ཆུས)11སོ་སོར་ཁྱད་ལྡན་འགྲན་བསྡུར་རྣམ་གྲངས་ཁག་3བཙུགས་ཡོད། དེའི་དམིགས་ཡུལ་ནི་གྲོང་ཚོ(གྲོང་ལྷན)དང་། ཤང(གྲོང་རྡལ)རྫོང(ཆུས)བཅས་ཀྱི་དམངས་ཁྲོད་སྒྱུ་རྩལ་དང་། ལག་ཤེས་བཟོ་རྩལ། མི་རིགས་གྱོན་ཆས། དམངས་སྲོལ་བྱེད་སྒོ་སོགས་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་གཏིང་ཟབ་བྱས་ནས། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་བརྒྱུད་ནག་ཆུའི་ཁྱད་ལྡན་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པ་བྱེད་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་བརྒྱབ་ཅིང་། རིམ་རྩིས་བྱས་ན་མི་719ལ་ལས་ཞུགས་རོགས་སྐྱོར་དང་མི་273ལ་ལས་གཏོད་བྱེད་རོགས་བྱས་པ་དང་། ཐོན་ལས་རྣམ་གྲངས་73ལ་རོགས་སྐྱོར་བྱས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་4755.5བྱུང་ཡོད། ཚོང་འདུས་ཐེངས་270གཉེར་བས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་3.54ལྷག་ཙམ་བྱུང་ཡོད།