《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月01日

པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུའུ་ཡིས།

2023ལོའི་ལས་དོན་ཕྱོགས་སྡོམ་གྱི་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུའུ་ཡིས་2023ལོའི་ལས་དོན་ཕྱོགས་སྡོམ་གྱི་ཚོགས་ཆེན་འཚོགས་ཏེ་2023ལོའི་བོད་སྐྱོར་ལས་དོན་སྤེལ་ཚུལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། 2024ལོའི་ལས་དོན་བཀོད་སྒྲིག་བྱས་པ། སྔོན་ཐོན་ཀྲི་པུའུ་3དང་སྔོན་ཐོན་མི་སྒེར་73ལ་གཟེངས་བསྟོད་བྱས་པ། སྔོན་ཐོན་ཏང་ཀྲི་པུའུ་དང་མི་སྒེར་གྱི་འཐུས་མིས་བོད་སྐྱོར་ལས་དོན་ཐད་ཀྱི་སྤེལ་རེས་གཏམ་བཤད་བྱས་པ་བཅས་རེད།