2013ལོའི་ཟླ་10པར་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། 2013ལོ་ནས་ད་བར་མེ་ཏོག་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་དེ་2013ལོའི་སྤྱི་ལེ་268.6ནས་ད་ལྟའི་སྤྱི་ལེ་579.5བར་རིང་དུ་སོང་བ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་8ཀྱི་ཁྲོད་ནས་7ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།
↑ འདི་ནི་མེ་ཏོག་རྫོང་ཁོངས་ཀྱི་གཡུ་འབྲུག་སྔོན་མོ་ས་ལ་འཁྱུག་པ་ལྟར་གྱི་གཞུང་ལམ་ཡིན་པ།
→ འདི་ནི་ཁ་བའི་ཁྲོད་ཀྱི་མེ་ཏོག་གཞུང་ལམ་ཡིན་པ།