《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月29日

རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་འགྲིལ་བ།

རང་ལྗོངས་ཀྱི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་འབྱོར་བའི་གློག་འཕྲིན་དང་འདི་ག་ཚགས་པར་ཁང་གིས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཚེས་27ཉིན་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཧུའུ་ལུན་པེར་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

སྐབས་འདིའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚན་པར་བྱས་ནས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་འགྲན་བསྡུར་ནང་ཐེངས་དང་པོར་ཞུགས་ཤིང་། འཐུས་མི་ཚོགས་པ་35ཡི་ལུས་རྩལ་པ་3000ལྷག་ཙམ་རྩལ་འགྲན་ལུས་རྩལ་དང་ཚོགས་པའི་རྣམ་གྲངས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད། འཐུས་མི་ཚོགས་པ་35ཡི་ནང་འཐུས་མི་ཚོགས་པ་26ལ་གསེར་གྱི་རྟགས་མ་ཐོབ་པ་དང་། འཐུས་མི་ཚོགས་པ་30ལ་གཟེངས་རྟགས་ཐོབ་པ། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགྲན་བསྡུར་ལ་ཞུགས་མཁན་འཐུས་མི་ཚོགས་པའི་གྲངས་འབོར་དང་གསེར་གྱི་རྟགས་མ་དང་གཟེངས་རྟགས་ཁྱབ་རྒྱ་ཇེ་ཆེར་སོང་ཡོད། དེའི་ནང་རང་ལྗོངས་ཀྱི་བདམས་ཐོན་པ་25ཡིས་གངས་ཤུད་རི་འཛེག་དང་། བྱེས་བགྲོད་གངས་ཤུད། ཡ་པང་གངས་ཤུད་ཀྱི་བཀག་བརྒལ་རྗེས་འདེད་བཅས་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ལ་ཞུགས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་པ་བརྒྱུད། འགྲན་ཞུགས་རྣམ་གྲངས་ནང་ཚད་བརྒལ་མང་པོ་བྱུང་བ་མ་ཟད། གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཅིག་གི་གྲུབ་འབྲས་ཡག་པོ་ཐོབ་ཡོད།

2028ལོར། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ལེའོ་ཉིང་དུ་འཚོག་རྒྱུ་རེད། དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་ལྷུ་ཚིགས་སུ། ཝང་ལི་ཞ་ཡིས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ཀའོ་ཀྲི་ཏན་ལ་སྤྲད་པ་དང་ཀའོ་ཀྲི་ཏན་གྱིས་ཚོགས་དར་ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་ལི་ལེ་ཁྲེང་ལ་སྤྲད་པ་རེད།