ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་གསོ་སྦྱོང་རྟེན་གཞིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་གཉེར་མཁན་འཁུར་བའི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་གྲངས་འཛིན་ཚན་རྩལ་གོང་མཐོར་གཏོང་བའི་བྱ་སྤྱོད་ཀྱི་ནང་གསེས་མཆོག་ནོར་འཕྲུལ་སྨྱུག་གི་འགྲེམས་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། འདི་ནི་ཚོགས་ཞུགས་མི་སྣས་མཆོག་ནོར་གྱི་རིག་ནུས་ཐོན་རྫས་གསར་པ་སྟེ་རྒྱ་བོད་ཤན་སྦྱར་རིག་ནུས་སྐད་བརྡའི་དབྱེ་འབྱེད་སྨྱུ་གུར་ལྟ་བཞིན་པ།