《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས།

རྒན་གསོའི་སྒྲིག་བཀོད་སྒྱུར་བཀོད་བྱས་ ནས་བདེ་སྐྱིད་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྒན་རྒོན་དེ་བས་མང་བར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་ཐུབ་ཆེད། ལྷ་ས་གྲོང་ཁྱེར་དམངས་སྲིད་ཁོངས་གཏོགས་ཀྱིས་རྒན་རྒོན་གྱི་ཁྱིམ་སྡོད་རྒན་གསོའི་སྒྲིག་བཀོད་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས་དེ་བས་བདེ་འཇགས་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་རྒན་གསོའི་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཡོད། མིག་སྔའི་བར་སྒོར་ཁྲི་380ལྷག་ཙམ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དུད་ཚང་631ལ་སྒྱུར་བཀོད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དབང་སྐྱོན་རྒན་རྒོན་དང་། ཐར་ཐོར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན། ལོ་ན་མཐོ་བ་དང་ཁེར་རྐྱང་དུ་སྡོད་པ། རང་རྐྱ་མི་འཕེར་བའི་རྒན་རྒོན་བཅས་ཀྱི་དགོས་མཁོ་མི་འདྲ་བར་མཐིལ་རྟོགས་བྱས་ནས་སྤྱོད་གོ་ཆོད་པ་དང་། བདེ་འཇགས། སྐྱིད་སྣང་དོད་པ་བཅས་ཡོང་བར་བྱས་པ་རེད། ཁྲེང་ཀོན་ཆུས་དང་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱིས་དུད་ཚང་89དང་དུད་ཚང་179ཡི་དབང་སྐྱོན་རྒན་རྒོན་གྱི་སྡོད་ཁང་གི་སྒྲིག་བཀོད་སོགས་ལ་སྒྱུར་བཀོད་བྱས་པ་རེད།

དགོས་མཁོ་བསྡུ་ལེན་བྱེད་པ་ནས་སྒྲིག་སྦྱོར་སྒྱུར་བཀོད་བྱེད་པའི་བར་དང་། དེ་ནས་བརྟག་དཔྱད་ཀྱི་ཚུར་ལན་བསམ་འཆར་བསྡུ་ལེན་བར་རྒན་གསོའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པའི་གོམ་སྟབས་ཚང་མ་རྒན་རྒོན་གྱི་འཚོ་བའི་དགོས་མཁོ་དངོས་ལ་གཞིགས་པ་ཞིག་པ་དང་། དེ་དང་ཆབས་ཅིག་ལོ་ན་མཐོ་ཞིང་གཅོང་ནད་ཕོག་པ་དང་འཚོ་བར་དཀའ་ངལ་ཡོད་པ་སོགས་དམིགས་བསལ་གྱི་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ“དུད་ཚང་རེ་ལ་ཡིག་ཚགས་རེ”བཟོས་ནས་སྒྱུར་བཀོད་བྱས་ཏེ་རྒན་རྒོན་ལ་ཕན་པ་དངོས་ཐོབ་པའི་འགན་ལེན་བྱས་ཡོད།

གཞིས་ལུས་རྒན་རྒོན་དང་ཁེར་སྡོད་རྒན་རྒོན་ལ་དམིགས་ནས་གྲོང་ཁྱེར་རིམ་པའི་རྒན་གསོའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་ཀྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས། རྩ་གཉིས་ཨང་རྟགས་སྤྱད་དེ་རྒན་རྒོན་1597གྱི་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཡོད།

(ལྷ་དབང་དང་དཔའ་མོས་སྒྱུར་ཞུས་བྱས)