《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

རྐྱེན་མ་བྱུང་གོང་ནས་དོགས།

འདི་ནི་མེ་ཟོན་ལྟ་སྐུལ་བས་གཞིས་རྩེ་གྲོང་ཁྱེར་ཇོ་མོ་སྣ་འཛོམས་གསོལ་མགྲོན་ཁང་གི་མེ་ཟོན་ཚོད་འཛིན་ཁང་དུ་མེ་ཟོན་སྐོར་ཞིབ་ཀྱི་ཟིན་ཐོ་དང་མི་སྣ་ལས་ཐོག་ཞུགས་མིན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་མེ་ཟོན་ལྟ་སྐུལ་བས་གཞིས་རྩེ་གྲོང་ཁྱེར་གཉིས་ཕན་སྒོ་རྩིས་ཚོང་ཁང་དུ་མེ་ཟོན་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

དུས་ཆེན་གྱི་ངལ་གསོ་མཇུག་འགྲིལ་བ་དང་། ཚན་པ་དང་ལས་ཁུངས་ཁག་ཀྱང་ལས་འགོ་ཚུགས་ཟིན་པས། བདེ་འཇགས་ཐོན་སྐྱེད་དང་ཡང་སྒོས་སུ་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། དུས་ཆེན་རྗེས་ཀྱི་ལས་འགོ་ཚུགས་རྗེས་ཀྱི་ཚན་པ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཚན་པ་ཁག་ཏུ་བསྐྱོད་དེ། མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་བཏང་བས། གྲོང་ཁྱེར་དེ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་རྐྱེན་ངན་གཅིག་སྡུད་སེལ་བའི་བཅོས་སྒྲིག་ལ་ཕན་འབྲས་བཟང་པོ་ཐོན་པ་རེད།