《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་གིས།

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཐོན་ལས་དར་རྒྱས་བཏང་བ་མ་ཟད་འཕེལ་ རྒྱས་ལ་སྐུལ་འདེད་ཀྱང་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2023ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་འཛུགས་སྐྱོང་ལ་ཤུཌ་སྣོན་དང་། ཐོན་ལས་དར་རྒྱས། འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བ་དེ་ཤུགས་རྒྱག་སར་བྱས་ནས་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་ཞིང་། ལུང་རིང་ཤང་གིས་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་ནས་འགོ་བཙུགས་ཏེ། སྔ་རྗེས་སུ་ཏང་ཡོན་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ལས་སྒོའི་གསོ་སྦྱོང་སྣ་ཚོགས་ནང་མི་ཐེངས་50ལྷག་ཙམ་ཞུགས་སུ་བཅུག་པས་ལས་བྱེད་མང་ཚོཌ་ཀྱི་ཕྱུག་འགྱུར་རོགས་ཁྲིད་དང་འབབ་འཕར་གྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད། ཐབས་ལམ་མང་པོར་བརྟེན་ནས་ལེགས་འདེམས་ཞིབ་ཚགས་དང་། བྱེད་ཐབས་སྣ་མང་སྤྱད་དེ་སྦྱོང་བརྡར་གསོ་སྐྱོང་དང་། ཕྱོགས་མང་གིས་ལྟ་འདོམས་ནན་པོ་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་ཧུར་ཐག་བྱས་ནས་རྗེས་གྲབས་ལས་བྱེད་པ་ཁྱོན་30ལྷག་ཙམ་གསོ་སྐྱོང་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འབྱུང་རྩར་གསོན་ཤུགས་བསྣན་ཡོད།

འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་ཞིང་། “འབྲི་གཡག་གི་གྲོང་རྡལ་སྟོབས་ཆེན”ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། དུས་ཐུང་རྒྱགས་གསོ་ཚད་བརྒལ་སར་བྱེད་པ། འབྲི་གཡག་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཡོད། 2023ལོ་ཚུན་དུ། ཤང་ཡོངས་ཀྱི་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་ཁག་ལ་ཁྱོན་བསྡོམས་ལག་ཡོད་ཕྱུགས་རིགས་མགོ་གྲངས་8895ཡོད་པ་དང་། མིག་སྔར་འབྲི་གཡག་མགོ་གྲངས་3305བཤས་ཁོངས་སུ་བཏང་བར་ཡོང་འབབ་སྒོར་ཁྲི་75.77བྱུང་བ་དང་འབྲོག་དུད་མང་ཚོགས་689ལ་ཕན་པ་ཐོབ་ཡོད། གོང་རིམ་ནས་མ་དངུལ་སྒོར་ཁྲི་200ལྷག་ཙམ་བརྩོན་ལེན་བྱས་ཏེ། ཤང་གི་འབྲི་གཡག་རྒྱགས་གསོ་རྟེན་གཞི་སྒྱུར་བཀོད་རིམ་སྤོར་བྱས་ནས་གོམ་སྟབས་རྗེས་མའི་འབྲི་གཡག་དུས་ཐུང་རྒྱགས་གསོའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་ཆེད། ཤང་དེས་གོང་རིམ་ལ་མ་དངུལ་སྒོར་ཁྲི་50རེ་ཞུ་ཞུས་ནས་ལུང་རིང་གྲོང་ཚོའི་ཆུ་ཚན་གྱི་བཙོག་འབུད་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱས་པས། ཆུ་ཚན་གྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

(རིག་རྡོར་གྱིས་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)