↑ རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རང་མོས་རྣམ་པའི་གངས་ཤུད་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཀྱི་Uདབྱིབས་ཀྱི་གངས་ཤུད་ར་བའི་རྩལ་རྩེད་མཐའ་བསྡུར་དེ་ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་གྱི་ཀྲ་ལན་ཐུན་ཅིང་ལུང་ཧྲན་རི་བོའི་གངས་ཤུད་ར་བར་བྱས་ཡོད། ཧེ་ལུང་ཅང་རུ་ཁག་གི་བདམས་ཐོན་པ་ཀྲང་ཁོ་ཤིན་གྱིས་གྲུབ་འབྲས་90.50ཡི་ཐོག་ནས་ཨང་དང་པོ་བླངས་པ་དང་། ཧྲན་ཏུང་རུ་ཁག་གི་བདམས་ཐོན་པ་ལི་ཧྥང་ཧུའེ་དང་ཧོ་པེ་རུ་ཁག་གི་བདམས་ཐོན་པ་ལིའུ་ཆིན་ཡོན་གྱིས་ཨང་གཉིས་པ་དང་གསུམ་པ་སོ་སོར་བླངས་ཡོད། འདི་ནི་ཧེ་ལུང་ཅང་རུ་ཁག་གི་བདམས་ཐོན་པ་ཀྲང་ཁོ་ཤིན་གྱིས་འགྲན་བསྡུར་བྱེད་བཞིན་པ།