(2022ལོའི་ཟླ་1ཚེས་18ཉིན)
《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་
གྲུབ་འབྲས་ཐོབ་པའི་ལམ་བུ་འཚོལ་ཞིབ་བྱེད་དགོས》
《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་གྲུབ་འབྲས་ཐོབ་པའི་ལམ་བུ་འཚོལ་ཞིབ་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། གསུང་བཤད་ནང་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་ཉམས་མྱོང་གལ་ཆེན་ཕྱོགས་སྡོམ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་དགོས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱས་བཤད་བྱས་ཡོད། རྩོམ་ཡིག་ནང་བསྟན་དོན། ལོ་རྒྱུས་ཀྱི་དུས་འཁོར་གྱི་ཡུན་ཚད་ལས་ཇི་ལྟར་སྒྲོལ་དགོས་སམ། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་ཕུག་ནས་ལན་དང་པོ་བསྐྱོན་པ་དེ་ནི“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་རྒྱུ”དེ་རེད། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད། ཏང་གིས་ལན་གཉིས་པ་བརྒྱབ་པ་དེ་ནི་རང་ངོས་གསར་བརྗེ་བྱ་རྒྱུ་དེ་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་དང་ལོ་ངོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་བསམ་བློ་གསར་པ་བཏོད་པ་ཞིག་རེད།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)