ཟླ་2ཚེས་26ཉིན་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་ཀྱི་སློབ་དུས་དངོས་སུ་འགོ་ཚུགས་པ་རེད། སློབ་ཕྲུག་ཚོར་དགའ་བསུ་ཞུ་ཆེད། ཡུས་ཆོན་ཆུས་ཝུའུ་ཐ་སི་ཁྲོམ་གཞུང་ཤར་མའི་སློབ་ཆུང་གིས་རྣམ་པ་སྣ་ཚོགས་དང་ངོ་མཚར་ཆེ་བའི་རིག་རྩལ་བྱེད་སྒོ་གྲ་སྒྲིག་ཞིབ་ཚགས་བྱས་ནས་སློབ་མ་རྣམས་ཀྱིས་སློབ་དུས་གསར་པའི་སློབ་སྦྱོང་དང་འཚོ་བའི་འགོ་ཡག་པོ་ཚུགས་ཐུབ་པ་བྱས་ཡོད། འདི་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཝུའུ་ཐ་སི་ཁྲོམ་གཞུང་ཤར་མའི་སློབ་ཆུང་གི་སློབ་མས་དགུན་སེང་རིང་རང་ཉིད་ཀྱིས་བཟོས་པའི་འབྲུག་ལོའི་ཚོན་ཁྲ་ཅན་གྱི་ལྒང་བཞུ་སྟོན་བཞིན་པ།