《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་2024ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཚོགས་འདུ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2023ལོར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་སྔོན་ལ་སྤེལ་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མདུན་ཕྱོགས་སུ་སྐྱོད་པའི”གྲུབ་འབྲས་བཟང་པོ་བཏོད་ཡོད།

2023ལོར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཏང་ལ་དོ་དམ་དང་ཏང་ནན་པོས་བསྐྱངས་ནས་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་པོའི་སྲུང་སྐྱོང་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་པོས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྲབས་གཉེར་བྱས་པ་དང་། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་ས་ཁོངས་ཧྲིལ་པོའི་འཛུགས་གཏོད་ཚད་གཞི་ལོན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་བ་མ་ཟད། “གནམ་ལྕགས་འབར་བའི་གླེང་སྟེགས”སྐབས་དང་པོ་དང“ཧི་མ་ལ་ཡ་སྐོར་བའི”ཡན་ལག་གླེང་སྟེགས་སྐབས་གསུམ་པ་བདེ་བླག་ངང་གཉེར་བ། རེས་སྐོར་གཉིས་པོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཁག་དང་པོ་ལེགས་སྒྲུབ་བྱས་པ། 2022ལོའི་ལོ་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ཚད་ཤིང་18རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “ཕུའུ་ཅང་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཟླ་རེའི་ཚེས་16ཉིན“ཡིག་བསྐུར་ངོ་བཅར་གྱི་སྣེ་ལེན་ཉིན་མོར”གཏན་འཁེལ་བྱས་ནས་ཡིག་བསྐུར་སྒུག་སྡོད་ནས་རང་འགུལ་ངང་ངོ་བཅར་བྱེད་པར་བསྒྱུར་ནས་ཡིག་བསྐུར་ངོ་བཅར་བྱེད་རིགས་ཚང་མ་དང་ལེན་ཞུས་ཏེ་ཁོར་ཡུག་སྲུང་སྐྱོང་གི་དམངས་གཅེས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།