ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིང་རྫོང་ལི་ཅ་ཤང་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་གིས“མངོན་མིན་རིག་གནས་ཤུལ་བཞག་གི་སྤྲོ་བ་མྱོང་། སློབ་དུས་གསར་པ་དགའ་བས་བསུ”ཞེས་པའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ཕྲུ་གུ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་འབྲུག་ལོ་དང་འབྲེལ་བ་ཡོད་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས་འབྲུག་རྩེད་དང་། ཤོག་དྲས། ལྒང་བཞུ་བཟོ་བ་སོགས་ཉམས་ལེན་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་རེད།
འདི་ནི་ལི་ཅ་ཤང་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་འབྲུག་རྩེད་རྩེ་བཞིན་པ།
ཉེ་ཆར། ཅང་སུའུ་ཡི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་སློབ་འགོ་ཚུགས་པ་དང་། དགེ་སློབ་ཚོ་སློབ་གྲྭར་འཛོམས་ནས་སློབ་དེབ་གསར་པ་ལེན་པ་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་སློབ་དུས་གསར་པར་བསུ་བ་ཞུས་ཡོད།
འདི་ནི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཅིན་ཁྲང་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚོས་སློབ་དུས་གསར་པའི་དཔེ་དེབ་སྟོན་བཞིན་པ།