《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月27日

རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཅིག་རག་པ།

འདི་ག་ཚགས་པར་ཁང་དུ་ལེང་ཁྲེང་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་པའི་རང་ལྗོངས་ཀྱི་ལུས་རྩལ་པའི་འགྲན་བསྡུར་ཚང་མ་མཇུག་འགྲིལ་བ་རེད། སྐབས་འདིའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་རང་ལྗོངས་ཀྱི་བདམས་ཐོན་པ་ཁྱོན་25ཞུགས་ཡོད་པ་རེད།

ཟླ་1ཚེས་30ཉིན་ནས་ཟླ་2ཚེས་1ཉིན་བར་ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལན་ཐུན་ཅིན་ལུང་རི་བོའི་གངས་ཤུད་ཐང་དུ་སྤེལ་བའི་གངས་ཤུད་རི་འཛེག་རྣམ་གྲངས་ནི་རྣམ་གྲངས་ཁག་གསུམ་ནས་འགྲན་བསྡུར་སྔ་ཤོས་དང་རང་ལྗོངས་ཀྱི་ལུས་རྩལ་པ་ཞུགས་མང་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་ཞིང་། ཁྱོན་བདམས་ཐོན་པ་17འགྲན་བསྡུར་ལ་ཞུགས་ཡོད་པ་རེད། རྣམ་གྲངས་དེའི་ནང་སྐྱེས་པ་དང་། བུད་མེད། སྐྱེས་པ་དང་བུད་མེད་མཉམ་བསྲེས་བཅས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ལ་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཅིག་རག་ཡོད་པ་རེད།

ཟླ་2ཚེས་14ཉིན་ནས་ཟླ་2ཚེས་26ཉིན་བར་ནང་སོག་ཝུའུ་ལན་ཁྲ་པུའུ་ལེང་ཁྲེང་འགྲན་ཁུལ་དུ་སྤེལ་བའི་བྱེས་བགྲོད་གངས་ཤུད་རི་འཛེག་རྣམ་གྲངས་ནང་ཐག་ཐུང་འགྲན་བསྡུར་དང་ཐག་རིང་འགྲན་བསྡུར་བཅས་རྣམ་གྲངས་ཆུང་གྲས་མང་པོ་ཡོད་པར་རང་ལྗོངས་ཀྱི་ལུས་རྩལ་པ་5ཞུགས་པ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚེ་རིང་དགྲ་འདུལ་གྱིས་བྱེས་བགྲོད་གངས་ཤུད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་སྐྱེས་པའི་སྤྱི་ལེ་50ཡི་འགྲན་བསྡུར་ནང་ཆུ་ཚོད་2དང་སྐར་མ་49སྐར་ཆ་1གི་གྲུབ་འབྲས་ཐོག་ནས་ཨང་བདུན་པ་བླངས་པ་རེད།

ཟླ་2ཚེས་17ཉིན་ནས་ཟླ་2ཚེས་21ཉིན་བར་ནང་སོག་ཨུའུ་ལན་ཁྲ་པུའུ་ལེང་ཁྲེང་འགྲན་ཁུལ་དུ་སྤེལ་བའི་ཡ་པང་གངས་ཤུད་ཀྱི་བཀག་བརྒལ་རྗེས་འདེད་རྣམ་གྲངས་ནང་རང་ལྗོངས་ཀྱི་བདམས་ཐོན་པ་3ཞུགས་པ་དང་། དབྱངས་ཅན་ལྷ་མོས་ཡ་པང་གངས་ཤུད་ཀྱི་གཞོན་ནུའི་ཚོགས་ཆུང་གི་བུད་མེད་ཀྱི་བཀག་བརྒལ་རྗེས་འདེད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་རེད།

ཚེས་25ཉིན་གྱི་སྔ་དྲོར། བྱེས་བགྲོད་གངས་ཤུད་ཀྱི་གཞོན་ནུའི་ཚོགས་ཆུང་གི་བུད་མེད་སྒེར་གྱི་ཐག་ཉེ(སྲོལ་རྒྱུན་ལག་རྩལ)འགྲན་བསྡུར་ནི་རང་ལྗོངས་ཀྱི་འཐུས་མི་ཚོགས་པ་ཞུགས་པའི་འགྲན་བསྡུར་མཐའ་མ་དེ་རེད། སྐལ་བཟང་ཆོས་སྒྲོན་གྱིས་དུས་ཡུན་ཆུ་ཚོད་3ནང་འོས་ཐོབ་འགྲན་བསྡུར་དང་། 1/4མཐའ་བསྡུར། ཕྱེད་མཐའ་བསྡུར། མཐའ་བསྡུར་བཅས་ཀྱི་རིམ་པ་བརྒྱུད་མཐར་ཨང་བཞི་པ་ཐོབ་པ་རེད།

(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)