ཟླ་2ཚེས་24ཉིན་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་པ་དང་། ས་གནས་ཁག་གི་མང་ཚོགས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་དུས་ཆེན་དགའ་གཏོང་བྱས་པ། ← པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཀྱི“ཅིང་ཅིན་ཅིས་དུས་ཆེན་དགའ་གཏོང་བྱེད། མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་བསུ་བའི”2024ལོའི་དབྱང་ཀོ་ཞབས་བྲོ་འཁྲབ་པའི་བྱེད་སྒོར་ཅིང་ཅིན་ཅི་ས་ཆ་གསུམ་ནས་ཡོང་བའི་མང་ཚོགས་2000ལྷག་ཙམ་ཞུགས་ཡོད་ཅིང་། འདི་ནི་མང་ཚོགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།
↓ འདི་ནི་ཟླ་2ཚེས་24ཉིན་གྲོང་མིས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་དཔེ་ཁང་དུ་གཉེར་བའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ལྒང་བཞུའི་གབ་ཚིག་འདུ་ཚོགས་སུ་གབ་ལན་རྒྱག་བཞིན་པ།
↑ འདི་ནི་ཟླ་2ཚེས་24ཉིན་ཁྲུང་ཆིང་གྲོང་ཁྱེར་དབྱི་ཡང་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཞའོ་ཧོ་གྲོང་རྡལ་ཞའོ་ཀང་གྲོང་ཚོའི་རྒན་རྒོན་གྱི་ཟ་ཁང་དུ་གཞོན་ནུ་དང་བླངས་པས་རྒན་རྒོན་དང་མཉམ་དུ་ཐང་ཡོན་བཟོས་ཏེ་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་བཞིན་པ།