ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། གསར་འགོད་པར་ཀྲུང་གོ་མི་བཞུཌ་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཡོངས་བསྒྲགས་ངང་བསྡུ་རུབ་དཔྱད་འདེམས་བྱས་པ་བརྒྱུད། ཀྲུང་གོའི་མི་བཞུགས་ཟླ་བའི་གོ་ལའི་ལྟ་ཞིབ་ཚད་ལེན་ལས་སྒྲུབ་ཀྱི་འཕུར་སྐྱོད་ཡོ་བྱད་གསར་པའི་མིང་ཉེ་ཆར་གཏན་འཁེལ་བྱས་པ་སྟེ། རབས་གསར་པའི་མི་བཞུགས་འཕུར་གྲུར“ཕུགས་གྲུ”ཞེས་མིང་བཏགས་པ་དང་ཟླ་བའི་ངོས་ཀྱི་ཐང་འབབ་ཡོ་བྱད་ལ“ཟླ་འཛིན”ཞེས་མིང་བཏགས་པ་རེད།
མིག་སྔར་ཕུགས་གྲུ་དང་། ཟླ་འཛིན་ཐང་འབབ་ཡོ་བྱད། རྒྱང་སྐྱོད་ཨང་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཅས་ཁྱོན་ཡོངས་ནས་ཐོག་མའི་ཞིབ་བཟོའི་དུས་མཚམས་སུ་སླེབས་པ་དང་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད།