《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月26日

རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་23ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2023ལོར། རང་ལྗོངས་ཀྱི་དངུལ་རྩའི་འཁོར་སྐྱོད་ཐད“དངུལ་རྩའི་སྤྱི་འབོར་ལུགས་མཐུན་གྱི་འཕར་བ་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། མ་རྩ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་སྒོ་ནས་ཆག་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད།

ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ལི་ཡུས་ཕུའུ་ཡིས། 2023ལོར། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ནུས་ལྡན་དང་སྤུས་ཚད་མཐོ་བའི་དངུལ་རྩའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཤིང་། ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་ཁ་གསལ་བཟོ་བ་དང་། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཞབས་ཞུའི་ལམ་སྲོལ་འཛུགས་པར་ཤུགས་སྣོན་རྒྱག་པ། དངུལ་ཁང་དང་ཁེ་ལས་ཕྱོགས་གཉིས་པོའི་འབྲེལ་མཐུད་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བའི་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཡོད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ཀུན་ཕན་ཕྲན་ཚེགས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་338.18ཟིན་པ་དེ་དུས་མཚུངས་ལས་43.82%འཕར་ནས་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་32.83གྱིས་མཐོ་བ་ཡོད་པ་རེད། 2023ལོར་རིམ་རྩིས་བྱས་ན་ཀུན་ཕན་ཕྲན་ཚེགས་དངུལ་བུན་གྱི་རྒྱབ་སྐྱོར་ཡོ་བྱད་ཀྱི་སྐུལ་ལྕག་མ་དངུལ་སྒོར་ཁྲི་864.75བཏང་ནས་ས་གནས་ཀྱི་ཁྲིམས་མིའི་སྒྲིག་གཞིས་ཀུན་ཕན་ཕྲན་ཚེགས་ལ་དངུལ་བུན་སྒོར་དུང་ཕྱུར་5.53མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་། དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་12.11བཏང་བ་དང་འབྲེལ་སྔ་འདོན་བསྐྱར་མ་སྒོར་དུང་ཕྱུར་1.84སྤྲད་དེ་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། “གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུས་ནས་ཐོག་མའི་བུན་གཏོང་ལྟེ་གནས་ཀྱི་ལས་སྟེགས་ལ་བརྟེན་ཏེ་ལས་རེས་སྐར་ཁུང་གི་ལས་དོན་མི་སྣས་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་དགོས་མཁོ་དང་དངུལ་རྩའི་སྒྲིག་གཞིའི“མངགས་ཐོ་རག་ཐབས་བྱེད་པའི”འབྲེལ་མཐུད་ཀྱི་ཞབས་འདེགས་ཞུ་སྟངས་སྤྱད་དེ་ཁེ་ལས་3003ལ་མ་རྩ་བསྡུ་སྒྲིལ་གྱི་བློ་འདྲིའི་འབྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱས་ཡོད།

འདི་ལོ་ཚུན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ཞིང་དུད་ལ་དངུལ་བུན་སྒོར་དུང་ཕྱུར་57.2བཏང་བ་རེད། ཟླ་2ཚེས་20ཉིན་བར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་370.43ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་16.86གཙང་འཕར་བྱུང་བ་དང་ཉར་ཚགས་བྱེད་ཚད་དུད་ཚང་རེར་ཆ་སྙོམས་དངུལ་བུན་ལྷག་གྲངས་སྒོར་ཁྲི་10.28ཟིན་ཡོད་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)