འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གངས་བབས་རྗེས་གནམ་གཤིས་གྲང་དུ་ཕྱིན་མོད། འོན་ཀྱང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་མདོང་ལམ་འདིང་བ་དང་ས་ཁོད་སྙོམས་པ་སོགས་འཕྲུལ་འཁོར་གྱི་ལྡིར་སྒྲ་རབ་ཏུ་གྲགས་བཞིན་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།
ཤེས་རྟོགས་བྱུང་བར་གཞིགས་ན། སྨར་ཁམས་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་2023ལོའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་ཡོད། སྨར་ཁམས་རྫོང་གིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཧུར་ཐག་བསྐྲུན་ནས་ས་ཁྱོན་མུའུ་500ཡི་རྒུན་འབྲུམ་རྟེན་གཞི་གསར་སྐྲུན་བྱས་ཏེ། གྲངས་འཛིན་ཅན་གྱི་ཞིང་ལས་རྨང་གཞིའི་སྒྲིག་བཀོད་མུའུ་1000བསྐྲུན་རྩིས་ཡོད་པ་རེད། རྣམ་གྲངས་སྐྲུན་ཡུལ་གྱི་ས་བབ་ཅུང་དམའ་བའི་དབང་གིས་དགུན་དུས་ཀྱི་ཨར་ལས་ཆ་རྐྱེན་དང་འཚམ་པས་སྨར་ཁམས་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་རྒྱུན་མཐུད་མགྱོགས་སུ་བཏང་ཡོད། མིག་སྔའི་བར་རྣམ་གྲངས་ཀྱི་སྤྱིའི་ལས་གྲྭའི་30%ལེགས་སྒྲུབ་ཟིན་པ་དང་ལས་མི་68བསྡུས་པ་དང་འབྲེལ། མི་ཐབས་ལ་བརྟེན་ནས་འབབ་འཕར་དང་དེ་བཞིན་འཕྲུལ་ཆས་ལ་བརྟེན་ནས་འབབ་འཕར་སྒོར་ཁྲི་83.28བྱུང་ཡོད་པ་རེད།