གངས་འཁྱགས་ལུས་རྩལ་ གྱི་ཚ་རླབས་འཕྱུར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐུལ་ཁྲིད་འོག ས་གནས་ཁག་ཏུ་གངས་འཁྱགས་ལུས་རྩལ་གྱི་ཚ་རླབས་ཤིག་འཕྱུར་ཞིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་རི་མང་གངས་ཤུད་ཐང་ས་བབ་མཐོ་ཚད་སྨི་4500ཙམ་ཟིན་ཞིང་། དེ་ནི་བོད་ཀྱི་གངས་ཤུད་སྒྲིག་ཆས་ཅུང་ཆ་ཚང་བའི་གངས་ཤུད་ཐང་ཐོག་མ་དེ་ཡིན་པ་རེད། ལོ་གསར་པའི་ནང་ཨ་མ་ངག་དབང་ཆོས་སྒྲོན་གྱིས་བུ་མོ་དངོས་གྲུབ་སྒྲོལ་མ་དང་ཕུན་ཚོགས་སྒྲོལ་མ་ཁྲིད་དེ་རི་མང་གངས་ཤུད་ཐང་དུ་གངས་ཤུད་ཉམས་ལེན་ཐོག་མ་དེ་བྱས་ཡོད། འདི་ནི་དངོས་གྲུབ་སྒྲོལ་མ(གཡོན་གྱི་དང་པོ)དང་། ངག་དབང་ཆོས་སྒྲོན(གཡོན་གྱི་གཉིས་པ)ཕུན་ཚོགས་སྒྲོལ་མ(གཡས་ཀྱི་དང་པོ)གངས་ཤུད་རྩལ་ཁྲིད་པ་བློ་བཟང་ཕུན་ཚོགས་བཅས་ཀྱིས་རི་མང་གངས་ཤུད་ཐང་དུ་དྲན་རྟེན་པར་རྒྱག་བཞིན་པ།