《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月24日

“གློག་ཤུགས་མཁའ་ལམ”མཚོ་བོད་དྲ་སྦྲེལ་ལས་གྲྭ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱས་ནས་ལོ་12ལྷག་ཙམ་སོང་བ།

རིམ་རྩིས་བྱས་ན་ཕྱོགས་གཉིས་ནས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་200ལྷག་ཙམ་ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། “གློག་ཤུགས་མཁའ་ལམ”མཚོ་བོད་དྲ་སྦྲེལ་ལས་གྲྭ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱས་ནས་ལོ་12ལྷག་ཙམ་སོང་ཞིང་། དེའི་རིང་རིམ་རྩིས་བྱས་ན་ཕྱོགས་གཉིས་ནས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་200.4ལྷག་ཙམ་ཟིན་ཡོད། དེའི་ནང་མཚོ་སྔོན་ནས་བོད་ལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་113.4ཟིན་པ་དང་། བོད་ནས་མཚོ་སྔོན་ལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་87ཟིན་ཡོད།

“གློག་ཤུགས་མཁའ་ལམ”ཞེས་སུ་གྲགས་པའི་མཚོ་བོད་དྲ་སྦྲེལ་ལས་གྲྭ་ནི་ཤར་ཕྱོགས་ཀྱི་མཚོ་སྔོན་གྱི་ཟི་ལིང་ནས་འགོ་ཚུགས་པ་དང་ནུབ་ཕྱོགས་ཀྱི་བོད་ཀྱི་ལྷ་ས་བར་རེད།

2015ལོ་ནས་བཟུང་། ནུས་རྒྱུའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་མཚོ་བོད་དྲ་སྦྲེལ་ལས་གྲྭས་བོད་ལྗོངས་ས་ཁུལ་དུ་ལོ་རེའི་ཆུ་རྒྱས་པའི་དུས་སུ“བོད་གློག་མཚོ་སྔོན་དུ་འདྲེན་པ”དང་། ཆུ་ཆུང་བའི་དུས་སུ“མཚོ་སྔོན་གྱི་གློག་བོད་དུ་འདྲེན་པའི”ཆོས་ཉིད་དང་ཁྱད་ཆོས་ལ་བརྟེན་ནས། གློག་རྒྱུན་མི་ཆད་པར་འདྲེན་གྱི་ཡོད་ལ་གློག་གཏོང་ཚད་ཀྱང་ལོ་རེ་བཞིན་མཐོ་རུ་འགྲོ་བའི་རྣམ་པ་ཞིག་མངོན་ཡོད།

ལས་གྲྭས་ལོ་རེར་གློག་གཏོང་ཚད་དེ་ལས་གྲྭ་སྤྱོད་འགོ་ཚུགས་པའི་ལོ་ཕྱི་མའི་ཆན་ཝ་ཆུ་ཚོད་དུང་ཕྱུར་6.5ནས་2023ལོའི་ཆན་ཝ་ཆུ་ཚོད་དུང་ཕྱུར་28.3བར་འཕར་ཡོད། 2024ལོར་མཚོ་བོད་དྲ་སྦྲེལ་ལས་གྲྭས་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་འགོ་འཛུགས་རྒྱུ་ཡིན་ཞིང་། དུས་འགོར་བསྐྲུན་ཟིན་པའི་ཀྲའོ་ཝ་600ཡི་གློག་རྒྱུན་བརྗེ་སྒྱུར་ཤོང་ཚད་ཀྱི་རྨང་གཞིའི་ཐོག་ཀྲའོ་ཝ་600རྒྱ་སྐྱེད་བཏང་ནས། ལས་གྲྭའི་ཕྱོགས་གཉིས་ཀའི་གློག་གཏོང་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

མཚོ་བོད་དྲ་སྦྲེལ་ལས་གྲྭ་2011ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད།

(ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)