《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月23日

ཟངས་རི་རྫོང་བདག་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

གཞི་རིམ་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཟངས་རི་རྫོང་རོང་ཤང་བདག་དཀར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་བྱེད་ཐབས་གསར་གཏོད་ཀྱིས་གཅིག་སྡུད་ཐོག་གཞུང་དོན་སྒྲུབ་པ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱེད་སྒོ་སྤེལ་བར་བརྟེན། གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པའི་ཏང་ཡོན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་སྤྲོ་སེམས་འཕེལ་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་སྡོད་ལས་དོན་རུ་ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས《རྒྱ་བོད་ཀྱི་རྒྱུན་སྤྱོད་སྐད་ཡིག་སྦྱོང་དེབ》དང《རྒྱ་བོད་སྐད་ཡིག་རིག་ལམ་འཕྲུལ་བདེ》སོགས་སློབ་དེབ་སྤྱད་པ་མ་ཟད། “ཚིག་འབྲུར་འགྲེལ་བཤད་དང་། ནང་དོན་ལ་གསལ་བཤད། དཔོད་བྲིས་གཏོང་བ”སོགས་བྱས་ཏེ་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག“ཉན་པ་དང་། བརྗོད་པ། ཀློག་པ། འབྲི་བ”བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

དེ་དང་ཆབས་ཅིག་སྤྱི་སྤྱོད་སྐད་ཡིག་གི་རྨང་གཞི་ཞན་པ་དང་འབྲི་ཀློག་མི་ཤེས་པའི་གྲོང་ཚོའི་ལས་བྱེད་པ་ཁག་གཅིག་ལ་ལོགས་སུ་དམར་ཁྲིད་བྱས་ཏེ། གྲོང་ཚོའི་ལས་བྱེད་པ་ཚང་མས་རྒྱ་ཡིག་ཐོག་ནས་རང་ཉིད་ཀྱི་མིང་དང་གོ་མིང་འབྲི་ཐུབ་པའི་དམིགས་ཚད་ཆུང་ངུ་མངོན་འགྱུར་ཐུབ་ཡོད་པ་རེད།