འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་དང་དེ་བཞིན་གནས་ཆུང་སྡེ་ཁུལ་གྱིས“དྲ་མིག་དཔོན་དང་། དྲ་མིག་པ། དྲ་མིག་མི་དམངས་ཉེན་རྟོག་པ”བཅས་ཀྱི་དོ་དམ་མ་ལག་ཧུར་ཐག་བཏོད་དེ། སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། “གཉིས་ལྡན་དུད་སྦྲེལ” ཏང་ཡོན་བཅས་དྲ་མིག་པར་བཀོད་པ་དང་། གཞུང་ཕྱོགས་ནས་མཉམ་སྒུལ་དང་འཕྲེད་ཕྱོགས་ནས་མཐུན་སྦྱོར་བྱེད་པའི་གྲོང་ཁྱེར་དོ་དམ་བྱེད་ཐབས་ཞིབ་ཚགས་སུ་བཏང་བ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་བ། སྡེ་ཁུལ་གྱིས་གཙོ་ཁྲིད་བྱེད་པ་དང་། དྲ་མིག་པས་གཙོ་འགན་འཁུར་བ། གྲོང་མི་ཞུགས་པ་བཅས་ཀྱི་གདུབ་ཟུམ་དོ་དམ་བྱེད་ཐབས་ཆགས་ནས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་འགྲོ་བར་སྐུལ་མ་ཐེབས་ཡོད།
གནས་ཆུང་སྡེ་ཁུལ་གྱིས་འཐབ་ས་དང་། དཔུང་ཁག ལམ་ལུགས་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། དམངས་ཕན་ཞབས་ཞུའི་ས་ཚིགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་གསར་བརྗེས་སྒྱུར་བཀོད་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཚོར“སློབ་སྦྱོང་བྱེད་ས་ཡོད་པ་དང་། གྲོས་བསྡུར་བྱེད་ས་ཡོད་པ། བྱེད་སྒོ་སྤེལ་ས་ཡོད་པ”བཅས་བྱས་ཡོད། ཏང་ཡོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས། ཏང་ཡོན་གྱི“འགན་གཙང་གསུམ”གྱི་ལས་ཀའི་ལམ་སྲོལ་དང་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ“འབྱོར་ཐོ་ཉིས་འགོད”ཀྱི་ཞབས་ཞུའི་ལས་དོན་དོན་འཁྱོལ་གང་ལེགས་བྱས་ཏེ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་ཏང་ཡོན་གྱིས་དུད་ཚང་འགན་གཙང་ལེན་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་རྩ་འཛུགས་བཙུགས་ནས་ཏང་ཡོན་སྡེ་ཁུལ་གྱི་དང་བླངས་ཞབས་ཞུར་ཞུགས་པར་སྒྲིག་འཛུགས་བྱས་པས། 2022ལོ་ཚུན་རིགས་ཁག་གི་ཏང་ཡོན་དང་བླངས་པའི་བྱེད་སྒོ་1000ལྷག་ཙམ་སྤེལ་ཡོད། དེ་དང་ཆབས་ཅིག“གཉིས་ལྡན་དུད་སྦྲེལ”གྱི་དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་ལ་བརྟེན་ནས། དུད་སྦྲེལ་སྤྱི་མི་80ཡི་མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། ཞོ་སྟོན་སོགས་ཀྱི་འབྲེལ་ཡོད་བྱེད་སྒོ་བདེ་བླག་ངང་སྤེལ་ནས། སྡེ་ཁུལ་གྱི་ཁོར་ཡུག་མུ་མཐུད་བརྟན་པོ་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།
བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་ཆེད། གཞི་རིམ་གྱི་བཅོས་སྐྱོང་བྱེད་ཐབས་གསར་གཏོད་ཐད“དྲ་སྦྲེལ+”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཕྱོགས་མིའི་ཏང་ཡོན་གྱིས་རྩ་གཉིས་ཨང་རྟགས་བཤེར་ནས་ཐོ་འགོད་བྱས་ཏེ། ཕྱོགས་མིའི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པར་བརྟེན། གཞི་རིམ་གྱི་བཅོས་སྐྱོང་ནང་ཞུགས་པའི་ཕྱོགས་མིའི་ཏང་ཡོན་གྱི་ཧུར་སེམས་དང་རང་འགུལ་སྐོང་འཐེན་ཐུབ་ཡོད། གྲོང་མིའི་གྲོས་བསྡུར་ཚོགས་འདུ་འཚོགས་ནས་གྲོང་མི་སྡེ་ཁུལ་གྱི་ལས་དོན་ཁག་གི་ཐབས་ཇུས་དང་དོ་དམ་ནང་ཞུགས་སུ་བཅུག་སྟེ། གྲོང་མིའི་རང་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད།