རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འཁྱགས་ལྟིར་རྣམ་གྲངས་ཡོངས་བསྒྲགས་ཚོགས་ཆུང་གི་མཉམ་བསྲེས་མི་གཉིས་ཀྱི་མཐའ་བསྡུར་དེ་ཧུའུ་ལུན་པེར་གྲོང་ཁྱེར་གྱི་ནང་སོག་འཁྱགས་ཐོག་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་གཉེར་ཞིང་། ཧེ་ལུང་ཅང་རུ་ཁག་གི་མཉམ་སྒྲིག་པཱ་ཏེ་ཤིན(གཡས)དང་ཅང་དབྱི་ལུན་ལ་ཨང་དང་པོ་ཐོབ་ཡོད། འདི་ནི་ཧེ་ལུང་ཅང་རུ་ཁག་གི་མཉམ་སྒྲིག་པཱ་ཏེ་ཤིན(གཡས)དང་ཅང་དབྱི་ལུན་གྱིས་འགྲན་བསྡུར་བྱེད་བཞིན་པ།